མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་རྒྱལ་སྲུང་འཐབ་འཁྲུག་བྱུང་ནས་ལོ་ངོ72འགོར་བར་རྗེས་དྲན་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-23 10:35

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས22ཉིན་ནི་ཨུ་རུ་སིའི་རྒྱལ་སྲུང་འཐབ་འཁྲུག་བྱུང་ནས་ལོ་ངོ72འགོར་བའི་ཉིན་མོ་ཡིན་པ་དང་། ཨུ་རུ་སི་རྒྱལ་ཁབ་ཀྱིས་བྱ་འགུལ་སྣ་ཚོགས་སྤེལ་ཏེ་འཐབ་འཁྲུག་དེའི་ཁྲོད་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་དཔའ་བོ་དག་ལ་མྱ་ངན་ཞུས།

མའོ་སི་ཁི་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཙུང་ལི་མེ་ཏི་བེ་ཅེ་ཧྥུའུ་དང་། རྒྱལ་ཁབ་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་ནཱ་ལོས་ཧིན་སོགས་ཀྱི་འགྲོ་རོགས་འོག་ཁི་ལི་མུའུ་ལིན་ཕོ་བྲང་ཉེ་འདབས་ཀྱི་ཡཱ་ལེ་ཧྲན་ཏཱ་ལྡུམ་རའི་ནང་ཡོད་པའི་མིང་མེད་སྔོན་གཤེགས་དཔའ་བོའི་བང་སོར་མེ་ཏོག་གི་ཕྲེང་བ་ཕུལ། མའོ་སི་ཁི་ཀྲིག་གི་མེ་ཅི་ཞེ་ས་ཁུལ་དུ་གསར་དུ་ལས་པའི་རྒྱལ་ཕྲན་མཉམ་འབྲེལ་གྱི་དམག་མིའི་རྗེས་དྲན་བང་སོ་གཟབ་རྒྱས་ངང་བཀོལ་སྤྱོད་བྱེད་མགོ་བརྩམས།

ཆེད་དུ་མའོ་སི་ཁི་ནས་མཛད་སྒོར་ཡོང་བའི་ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲོ་དབྱེ་ཀུའུ་ཡིས་བསྟན་དོན། མི་རྣམས་ཀྱིས་ད་ནས་བཟུང་གཞི་རྒྱ་ཆེ་བའི་བང་སོ་དེར་མེས་རྒྱལ་ལ་དམིགས་བསལ་བྱས་རྗེས་བཞག་པའི་ཕུལ་བྱུང་སྤྱི་དམངས་དག་ལ་མྱ་ངན་ཞུས་ཆོག་ཟེར།

ཧྥུའུ་ཨར་ཅཱ་ཀི་ལེ་ཡི་མཱ་མཱ་ཡེ་ཧྥུའུ་རི་སྒང་ནི་སི་ཏཱ་ལིན་ཀི་ལེའི་འགོག་སྲུང་འཐབ་འཁྲུག་ཁྲོད་ཆེས་ཡ་ང་བའི་གཡུལ་ས་གཙོ་བོ་ཞིག་ཡིན་པ་དང་། ཚེས22ཉིན་ཧྥུའུ་ཨར་ཅཱ་ཀི་ལེ་ཀྲིག་གི་མངའ་ཁོངས་ནས་རྙེད་པའི་དཔའ་བོ་རེ་དྲུག་གི་གདུང་རུས་ཡང་བསྐྱར་རི་བོ་དེའི་སྟེང་དུས་སྦས་བྱས།

ཧྲིན་པུས་ཏི་པའོ་ནས་མི་རྣམས་ལང་ལོང་སྒོས་ཕིས་སི་ཁཱ་ལའོ་ཧྥུའུ་བང་སོ་དང་ཞེ་ལཱ་ཧྥེ་མའོ་ཧྥུའུ་བང་སོར་སོང་ནས་སྔོན་གཤེགས་དཔའ་བོར་མེ་ཏོག་གི་ཕྲེང་བ་ཕུལ།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག