མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྲིན་པུས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྐབས7པ་གྲོལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-23 10:35

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྲིན་པུས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྐབས་བདུན་པ་ཚེས22ཉིན་གྲོལ། གཙོ་སྒྲུབ་ཕྱོགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཉིན3གྱི་དུས་ཚོད་ནང་གྲོས་མཐུན་བཀོད་པའི་སྤྱིའི་དངུལ་འབོར་ཨུ་རུ་སིའི་སྒོར་མོ་ཁྲག་ཁྲིག་ཆེན་མོ་དགུ་དང་ཁྲག་ཁྲིག་དྲུག་ལ་བསླེབས་ཡོད་ཟེར།

ཨུ་རུ་སིའི་དཔལ་འབྱོར་འཕེལ་རྒྱས་པུའུ་ཡི་པུའུ་ཀྲང་གཞོན་པ་པེ་ལེ་ཡཱ་ཁི་ཧྥུའུ་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། སྐབས་འདིའི་གླེང་སྟེགས་ནས་བསྡོམས་པས་དངུལ་གཏོང་གྲོས་མཐུན་དང་རེ་འདོད་ཡི་གེ་བརྒྱ་དང་གཉིས་བཀོད། དེའི་ནང་དངུལ་འབོར་ཆེས་མང་བའི་གྲོས་མཐུན་ཞིག་ནི་ཨུ་རུ་སིའི་རྡོ་སྣུམ་ཀུང་ཟི་དང་ཀྲུང་གོའི་རྡོ་སྣུམ་རང་བྱུང་སོལ་རླངས་སྡེ་ཚོགས་ཀུང་ཟིས་བཀོད་པའི་ཀྲུང་གོར་མ་བཅོས་རྡོ་སྣུམ་མཁོ་འདོན་བྱེད་པའི་གྲོས་མཐུན་དེ་ཡིན་ལ། སྤྱིའི་རིན་ཐང་ཨ་མེ་རི་ཁའི་སྒོར་མོ་ཁྲག་ཁྲིག་གཉིས་དང་ཐེར་ཆེན་བདུན་ལ་བསླེབ་ཡོད། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་དེའི་སྔོན་མཚམས་སྦྱོར་བྱས་པ་ལྟར་ན། གྲོས་མཐུན་དེ་ལས་མ་འོངས་པའི་ལོ་ངོ25རིང་ཨུ་རུ་སི་རྒྱལ་ཁབ་ཀྱིས་ལོ་རེར་ཀྲུང་གོར་མ་བཅོས་རྡོ་སྣུམ་ཏུན་བྱེ་བ་བཞི་དང་ས་ཡ་དྲུག་ཙམ་འདོན་སྤྲོད་བྱེད་དགོས་པ་རེད།

སྐབས་འདིའི་གླེང་སྟེགས་དེ་ཚེས20ཉིན་ཚོགས་པ་དང་། གླེང་སྟེགས་ཀྱི་བརྗོད་སྙིང་ནི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འདུན་མ་སྟེ་གཅིག་ཆོད་ཀྱི་འགུལ་སྐྱོད་སྤེལ་བའི་དུས་སྐབས་ཞེས་པ་དེ་ཡིན་ཞིང་། ཆབ་སྲིད་མགོ་གཙོ་དང་ཚོང་ལས་ལས་རིགས་ཀྱི་མགོ་གཙོ། ཆེད་མཁས་པ་སོགས་མི་སྟོང་ལྔ་ལྷག་གྲོས་ཚོགས་སུ་ཞུགས། དེའི་ནང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་ཧི་ལན་གྱི་དབུ་བཞུགས་བློན་ཆེན་ལོས་ཐི། དེ་མིན་འཛམ་གླིང་ཡོངས་ཀྱི་མིང་དུ་གྲགས་པའི་ཁེ་ལས་བརྒྱ་དང་དགུ་བཅུའི་འགན་ཁུར་བ་སོགས་འདུས།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག