མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ལིང་དང་ལེ་པཱ་ནུན་གྱིས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་མཚོན་ཆ་འདོན་སྤྲོད་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-23 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་དང་ལེ་པཱ་ནུན་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཚེས22ཉིན་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་མཚོན་ཆ་འདོན་སྤྲོད་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་སཱ་ལེ་ཞི་ཡིས་བཤད་རྒྱུར། སི་རི་ཡཱའི་མདུན་ལམ་དང་ལས་དབང་དེ་སི་རི་ཡཱའི་མི་དམངས་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས་པ་དང་། ཉམས་ཉེན་དེ་ངེས་པར་དུ་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས། དབྱི་ལིང་གིས་ཞི་བའི་སྒོ་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པར་དམིགས་པའི་རྒྱལ་སྤྱིའི་གྲོས་ཚོགས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

ལེ་པཱ་ནུན་གྱི་ཕྱི་འབྲེལ་བློན་ཆེན་མན་སུའུ་ཨར་གྱིས་བཤད་རྒྱུར། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་མཚོན་ཆ་འདོན་སྤྲོད་བྱས་ན་དྲག་ཤུགས་འཁྲུག་རྩོད་ཀྱི་རྒྱུན་བསྲིངས་པ་ལས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་པར་ཕན་པ་ཅི་ཡང་འབྱུང་མི་སྲིད་ལ། སི་རི་ཡཱའི་མི་དམངས་ཀྱི་ཁེ་ཕན་དང་མི་འཚམ་པར་མ་ཟད་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལའང་ཕན་ཐོགས་མེད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག