མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅོར་ཏན་གྱིས་རང་གི་མངའ་ཁོངས་སུ་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣར་གསོ་སྦྱོང་བྱེད་པའི་གནས་ཚུལ་ཁས་ལེན་མ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-23 10:35

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་ཨིན་སུའུ་ཨར་གྱིས་ཚེས22ཉིན་ཨན་མན་ནས་ཅོར་ཏན་གྱིས་རང་གི་མངའ་ཁོངས་སུ་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣ་གང་རུང་ལ་གསོ་སྦྱོང་བྱེད་པའི་གནས་ཚུལ་ཁས་ལེན་མ་བྱས།

ཨིན་སུའུ་ཨར་གྱིས་ཉིན་དེར་རྒྱལ་ས་ཨན་མན་ནས་ཨ་རབ་དང་རྒྱལ་ཁབ་གཞན་པའི་གསར་འགོད་པ་སྣེ་ལེན་བྱེད་སྐབས་བཤད་རྒྱུར། ང་ཚོས་རང་གི་མངའ་ཁོངས་ཀྱི་སི་རི་ཡཱའི་ཡུལ་གྱར་བར་བདག་སྐྱོང་བཟང་བོ་བྱེད་པ་ཙམ་ལས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣར་གསོ་སྦྱོང་བྱེད་པའི་གནས་ཚུལ་འདྲ་གཏན་ནས་མེད་ཟེར། ཁོས་བསྟན་དོན། གལ་ཏེ་སི་རི་ཡཱའི་མི་དང་མཉམ་ལས་བྱེད་པའི་སྣང་ཚུལ་འདྲ་ཡོད་ཀྱང་ཡུལ་གྱར་བའི་སྒར་སའི་དོ་དམ་ཁྱབ་ཁོངས་ནང་སི་རི་ཡཱའི་ཡུལ་གྱར་བར་མཉམ་ལས་བྱེད་པ་ཙམ་ལས་མ་འདས་ཟེར།

ཨ་མེ་རི་ཁའི་ལོ་ཧྲན་ཅི་དུས་སྐབས་ཚགས་པར་གྱིས་ཚེས21ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་ཀྲུང་དབྱང་གསང་འཕྲིན་ཅུའུ་དང་ཨ་མེ་རི་ཁའི་དམིགས་བསལ་དམག་མིས་ཟླ་འགའི་རིང་ཐུར་ཁེ་དང་ཅོར་ཏན་རྒྱལ་ཁབ་ཏུ་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣར་གསོ་སྦྱོང་བྱེད་བཞིན་ཡོད་ཟེར།

ཨིན་སུའུ་ཨར་གྱིས་བསྟན་དོན། ཨ་མེ་རི་ཁའི་དམག་དོན་མི་སྣ་ཅོར་ཏན་དུ་ཡོད་པ་བདེན་ཡང་། རྒྱལ་གཅེས་མཁན་རྟགས་ཅན་གྱི་འཕུར་མདའི་འགོག་སྲུང་མ་ལག་དངF-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུར་དོ་དམ་བྱེད་པའི་དམག་དོན་མི་སྣ་དང་། ཉེ་སྔོན་ཁྱབ་སྒྲོག་བྱས་པའི་རྫས་འགྱུར་མཚོན་ཆར་འགོག་སྲུང་བྱེད་པའི་དམག་མི་ཉིས་བརྒྱ་བོ་ལས་མེད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག