མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥེ་ལེ་པེན་དང་ཐེ་གོས་དཔལ་འབྱོར་མཉམ་ལས་གྲོས་མཐུན་གསུམ་བཀོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-23 10:34

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥེ་ལེ་པེན་དང་ཐེ་གོ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཉེ་སྔོན་ཧྥེ་ལེ་པེན་གྱི་རྒྱལ་ས་མཱ་ནེ་ལཱ་ནས་ཕྱོགས་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ལ་ཡར་སྐུལ་བྱེད་པའི་གྲོས་མཐུན་གསུམ་བཀོད།

ཧྥེ་ལེ་པེན་ཕྱི་འབྲེལ་པུའུ་ཡིས་ཁྱབ་སྒྲོག་བྱས་པའི་གནས་ཚུལ་ལྟར་ན། ཧྥེ་ལེ་པེན་གྱི་ཕྱི་འབྲེལ་བློན་ཆེན་ཏི་ཨར་ལོ་སཱ་ལི་ཨོ་དང་འཚམས་འདྲིར་ཡོང་བའི་ཐེ་གོའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་སུའུ་ལཱ་ཕིན་གྱིས་ཚེས་ཉེར་གཅིག་ཉིན་ཧྥེ་ལེ་པེན་གྱི་ཕྱི་འབྲེལ་པུའུ་ནས་ཁྲལ་བསྡུ་དང་ཉོ་ཚོང་། ནུས་ཁུངས་མཉམ་ལས་བཅས་གྲོས་མཐུན་གསུམ་བཀོད་ཟེར།

ཧྥེ་ལེ་པེན་གྱི་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། ཟླ་དྲུག་པའི་ཚེས20ཉིན་ནས་ཚེས21ཉིན་བར། ཧྥེ་ལེ་པེན་དང་ཐེ་གོ་ཕྱོགས་གཉིས་ཀྱི་མཉམ་ལས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་མཱ་ནེ་ལཱ་ནས་ཚོགས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་མཉམ་དུ་གྲོས་ཚོགས་ལ་མགོ་འཛིན་བྱས། ཕྱོགས་གཉིས་ཀྱི་དཔོན་རིགས་ཀྱིས་སོ་སོར་རྒྱལ་ཁབ་རང་རང་གི་ཆབ་སྲིད་དང་དཔལ་འབྱོར་གནས་བབ་མཚམས་སྦྱོར་བྱས་པ་དང་། ཉོ་ཚོང་དང་དངུལ་གཏོང་། ལག་རྩལ་མཉམ་ལས། སློབ་གསོ། གནས་སྐོར། འགྲིམ་འགྲུལ། ཁྲིམས་འཛིན་མཉམ་ལས། ནུས་ཁུངས། རྒྱལ་སྲུང་། ངལ་རྩོལ་ལས་དོན་སོགས་གྲོས་གཞི་མང་བོར་གྲོས་བསྡུར་བྱས་པར་མ་ཟད། ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག