མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་རལ་གྱི་ཙུང་ལི་ཡིས་ཆ་རྐྱེན་ཅི་ཡང་མེད་པར་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་ཞི་བའི་གྲོས་མོལ་སླར་གསོ་བྱེད་པའི་སྐུལ་མ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-22 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་སྤྱི་ཟླ6པའི་ཚེས21ཉིན་བསྐྱར་སྒྲོག་བྱས་དོན། དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱིས་སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མེད་པའི་གནས་ཚུལ་འོག་ཐད་ཀར་གྲོས་མོལ་སླར་གསོ་བྱེད་དགོས་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་ཝ་ཧྲིན་ཏོན་སྦྲགས་སྲིད་ཚགས་པར་སྟེང་བཀོད་པའི་ཆེད་དོན་བཅར་འདྲིའི་ནང་བཤད་རྒྱུར། ཁོས་འདས་པའི་ལོ་ངོ་བཞིའི་ནང་ནམ་རྒྱུན་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱིས་སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མེད་པའི་གནས་ཚུལ་འོག་གྲོས་མོལ་བྱེད་དགོས་པའི་འདོད་ཚུལ་རྒྱུན་འཁྱོངས་བྱས་པ་ཡིན། ཕཱ་ལེ་སི་ཐན་བར་གྲོས་མཐུན་འབྱུང་བར་ཆ་རྐྱེན་མང་བོ་ཡོད་ཀྱང་། ཁོས་སྔོན་ལ་ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཀྱི་ཀྲུའུ་ཞི་ཨ་པཱ་སི་ལ་རེ་བ་བཏོན་མེད། གྲོས་མོལ་ལ་སྔོན་འགྲོའི་ཆ་རྐྱེན་འདོན་པ་ནི་ཞི་བདེ་ལ་གཏོར་བརླག་བྱེད་པའི་རྣམ་འགྱུར་ཞིག་ཡིན་པ་དང་། འདས་པའི་ལོ་ངོ་བཞིའི་ནང་སྔོན་འགྲོའི་ཆ་རྐྱེན་བཏོན་པའི་དབང་གིས་ཞི་བའི་གྲོས་མོལ་ལ་གྲུབ་འབྲས་ཅི་ཡང་ཐོབ་མ་ཐུབ་པ་རེད་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཤད་རྒྱུར། ད་ལྟ་ནི་གནད་དོན་གདོང་གིས་བསུས་ཏེ་གྲོས་མོལ་བྱེད་པའི་དུས་ལ་བབས་ཡོད་ལ། གྲོས་མོལ་བྱེད་མགོ་མ་བརྩམས་ན་གྲོས་མོལ་དེ་མཇུག་སྒྲིལ་མི་སྲིད། གལ་ཏེ་མུ་མཐུད་དུ་གྲོས་མོལ་མགོ་རྩོམ་པའི་ཆ་རྐྱེན་ཐད་རྩོད་གླེང་བྱས་ན་གྲོས་མོལ་མགོ་རྩོམ་ཐབས་མེད་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བལྟས་ན། དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་འཁྲུག་རྩོད་ཀྱི་སྙིང་བོ་ནི་ཕཱ་ལེ་སི་ཐན་ཕྱོགས་ཀྱིས་རྒྱལ་མཚམས་ནང་ཁུལ་གྱི་ཡིའུ་ཐེ་བའི་རྒྱལ་ཁབ་ཁས་ལེན་མ་བྱས་པ་དེ་ཡིན། དབྱི་སི་རལ་དང་ཁོ་རང་ཉིད་ལ་མཚོན་ན། དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་རྒྱུ་རྐྱེན་ནི་ཁོ་ཚོས་དབྱི་སི་རལ་དེ་མི་རིགས་གཉིས་ཀྱི་རྒྱལ་ཁབ་ཏུ་འགྱུར་བར་རེ་བ་བྱས་མེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག