མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ཐཱ་ལེའི་དབུས་བྱང་ས་ཁུལ་དུ་ཚད་རིམ5.2ཀྱི་ས་འགུལ་བྱུང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-22 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐཱ་ལེའི་རྒྱལ་ཁབ་སའི་གོ་ལའི་དངོས་ལུགས་དང་མེ་རིའི་ཞིབ་འཇུག་ཁང་གིས་སྤྱི་ཟླ6པའི་ཚེས21ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ཐཱ་ལེའི་དབུས་བྱང་ས་ཁུལ་དུ་ཉིན་དེའི་ཉིན་གུང་ཚད་རིམ5.2ཀྱི་ས་འགུལ་བྱུང་བ་དང་། བྱང་ཕྱོགས་ཀྱི་ས་ཁུལ་མང་བོར་ས་འགུལ་གྱི་ཚོར་སྣང་མངོན་གསལ་ལྡན།

ཐེངས་འདིའི་ས་འགུལ་བྱུང་ས་གཙོ་བོ་དེ་ཐའོ་སི་ཁཱ་ནཱ་ས་ཁུལ་བྱང་ངོས་ཀྱི་མུས་ནོའུ་ཆི་ཡཱ་ནོའུ་གྲོང་རྡལ་ཉེ་འདབས་སུ་གནས་པ་དང་། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ5ཙམ་ཡིན། དེའི་ཉེ་འཁོར་གྱི་ཨེ་མུས་ལེ་ཡཱ་དང་རོ་མཱ་ནེ་ས་ཁུལ་དང་། ལོན་པཱ་ཏིས། ཕིས་ཨེ་མིན་ཐི། ལེ་ཀུའུ་ལི་ཡཱ། ཝེ་ནེ་ཐའོ་སོགས་ས་ཁུལ་མང་བོར་ས་འགུལ་གྱི་ཚོར་བ་དྲག་པོ་ཡོད།

མིག་སྔར་རྒུད་སྐྱོབ་སྡེ་ཁག་ལ་ཁང་བ་རེ་འགའ་རྡིབས་པའི་སྙན་ཞུ་འབྱོར་ཡོད་ཀྱང་། མི་སྣ་ཤི་རྨས་བྱུང་བའི་གནས་ཚུལ་བསྒྲགས་མེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག