མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་ནུབ་བྱང་ས་ཁུལ་དུ་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི15རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-22 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་གྲོང་ཁྱེར་པེ་ཧྲ་ཝ་ཡི་དབྱི་སི་ལན་ཆོས་ཁང་ཞིག་ལ་སྤྱི་ཟླ6པའི་ཚེས21ཉིན་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི15རྐྱེན་ལམ་དུ་ཤོར་བ་དང་། མི25ལ་རྨས་ཕོག

ཕཱ་ཁི་སི་ཐན་གྱི་རྒྱལ་དམངས་ཚགས་པར་སྟེང་ཚེས21ཉིན་བཀོད་པའི་གནས་ཚུལ་ལྟར་ན། འཇབ་རྒོལ་དོན་རྐྱེན་དེ་ཕྱི་དྲོའི་དུས་ཚོད1ཡས་མས་སུ་བྱུང་བ་དང་། ཤི་བོའི་ཁྲོད་བྱིས་པ3ཡོད་ཟེར། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། ཁོས་སྐྱེས་པ་ཞིག་དབྱི་སི་ལན་ཆོས་ཁང་དུ་ཤོར་ཡོང་ནས་སྒོ་ཁའི་ཉེན་རྟོག་པར་མེ་མདས་བརྒྱབ་པ་དང་། ཅང་མ་འགོར་བར་དབྱི་སི་ལན་ཆོས་ཁང་གི་ནང་དུ་འགས་གཏོར་གྱི་སྒྲ་ཆེན་པོ་ཞིག་གྲགས་བྱུང་ཟེར། འགས་གཏོར་བྱུང་སྐབས་ཧ་ལམ་མི200ཙམ་དབྱི་སི་ལན་ཆོས་ཁང་དེར་ཡོད་པ་དང་། སྐབས་དེར་གཟའ་པ་སངས་ཀྱི་རྒྱུན་ལྡན་གྱི་གསོལ་འདེབས་མགོ་མ་བརྩམས་པའི་སྔོན་ཏག་ཏག་ཡིན་ཟེར།

དོན་རྐྱེན་བྱུང་རྗེས། རྨས་མ་རྣམས་ས་དེའི་སྨན་ཁང་དུ་བསྐྱལ་བ་དང་། རྨས་མ་རེ་འགའི་རྨས་སྐྱོན་ཚབས་ཆེན་ཡིན་ཟེར། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་ས་དེ་བཀག་སྡོམ་བྱས་ཏེ་རྟོག་ཞིབ་བྱེད་བཞིན་ཡོད།

དོན་རྐྱེན་བྱུང་རྗེས། ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨར་ཏཱ་ལི་དང་ཙུང་ལི་ཞེ་ལི་ཧྥུའུ་གཉིས་ཀྱིས་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་། མིག་སྔའི་བར་རྩ་འཛུགས་གང་རུང་གིས་དོན་རྐྱེན་དེ་བཟོས་པ་ཁས་ལེན་བྱས་མེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག