མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཀྱི་ཕན་བདེའི་ཐེབས་རྩ་བཀོལ་ནས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-22 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་སྤྱི་ཟླ6པའི་ཚེས21ཉིན་ཧྲིན་ཕིས་ཏི་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་སྟེང་བཤད་རྒྱུར། ཨུ་རུ་སི་རྒྱལ་ཁབ་ཀྱིས་གསོག་འཇོག་བྱས་པའི་ཐེབས་རྩ་དང་རྒྱལ་ཁབ་ཀྱི་ཕན་བདེའི་ཐེབས་རྩའི་ནང་ནས་ཨུ་རུ་སིའི་སྒོར་མོ་ཁྲག་ཁྲིག་བཞི་དང་ཐེར་ཆེན་ལྔ་བླངས་ཏེ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། དབང་འཛིན་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ཕན་བདེའི་ཐེབས་རྩའི་ཁྲོད་ནས་ཨུ་རུ་སིའི་སྒོར་མོ་ཁྲག་ཁྲིག་བཞི་དང་ཐེར་ཆེན་ལྔ་བླངས་ཏེ་རྨང་གཞིའི་སྒྲིག་ཆས་ཀྱི་ལས་གཞིར་གཏོང་རྒྱུ་ཐག་བཅད་པ་དང་། དེའི་ནང་མའོ་སི་ཁི་ནས་ཁཱ་ཧྲན་བར་གྱི་མྱུར་བགྲོད་ལྕགས་ལམ། ཀྲུང་དབྱང་བསྐོར་ལམ། ཞི་པའོ་ལེ་ཡཱའི་ལྕགས་ལམ་བསྒྱུར་བཀོད་བཅས་བཟོ་སྐྲུན་ཆེན་པོ་གསུམ་འདུས་ཡོད་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ཡིས་མ་འོངས་པའི་ལོ་འགའི་ནང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་གེགས་བྱེད་པའི་ཚད་བཀག་རབས་དང་རིམ་པ་མེད་པར་བཏང་སྟེ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་དངུལ་གཏོང་སྦས་ཤུགས་ཇེ་ཆེར་གཏོང་རྒྱུ་ཡིན་ཟེར། ཁོས་སྔར་ལས་ལྷག་པའི་དམངས་ཁྲོད་ཀྱི་མ་དངུལ་ཨུ་རུ་སིའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ཁྱབ་ཁོངས་སུ་གཏོང་བར་རེ་བ་བྱས་ཡོད་ཟེར། ཕུའུ་ཅིན་གྱིས་བཤད་རྒྱུར། གལ་ཏེ་རྨང་གཞིའི་སྒྲིག་ཆས་ཀྱི་ལས་གཞི་དེ་དག་ལ་རྒྱལ་ཁབ་ཀྱིས་ཁག་ཁུར་ཐོབ་ན་ཉེན་ཁ་ཆེས་དམའ་བའི་ཚད་དུ་ཚོད་འཛིན་བྱས་ཏེ་དངུལ་གཏོང་མཁན་ལ་ཁེ་ཕན་སྔར་ལས་ཆེན་པོ་ཐོབ་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག