མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་རེ་བརྒྱད་པའི་ཀྲུའུ་ཞིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་དུ་རྒྱུན་མཐུད་འཕེལ་རྒྱས་ཐད་བརྩོན་པ་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-22 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་རེ་བརྒྱད་པའི་ཀྲུའུ་ཞི་ཨ་ཧྲི་ཡིས་སྤྱི་ཟླ6པའི་ཚེས21ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་སྟོབས་ཤུགས་གཅིག་སྒྲིལ་བྱས་ཤིང་། མཉམ་དུ་རྒྱུན་མཐུད་འཕེལ་རྒྱས་ཐད་བརྩོན་པ་བྱེད་དགོས་ཟེར།

ཨ་ཧྲི་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ལ་བདམས་རྗེས་ཀྱི་ཐོག་དང་པོར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱུན་མཐུད་འཕེལ་རྒྱས་ནི་མཉམ་འབྲེལ་རྒྱལ་ཚོགས་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ད་ལྟ་ཁོངས་གཏོགས་རྒྱལ་ཁབ་སོ་སོས་འཕེལ་རྒྱས་ལ་འབྲེལ་བའི་ཉིན་རིམ་གཏན་འཁེལ་བྱེད་པའི་དུས་ལ་བབ་ཡོད་ཟེར། ཁོས་ད་རུང་བསྟན་དོན། ཁོས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའི་འགན་ཁུར་སྐབས་བུད་མེད་དང་ན་གཞོན། འགྲོ་མིའི་ཐོབ་ཐང་། ཁྲིམས་སྐྱོང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས། ནམ་ཟླའི་འགྱུར་ལྡོག་དང་དེས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་སོགས་གནད་དོན་དག་གྲོས་གཞི་གཙོ་བོར་འགྱུར་སྲིད་ཟེར།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བཅོས་བསྒྱུར་གནད་དོན་ཐད་ནས་ཨ་ཧྲི་ཡིས་ནན་གྱིས་བསྟན་དོན། གལ་ཏེ་ཁོངས་གཏོགས་རྒྱལ་ཁབ་ཀྱིས་གནད་དོན་དེའི་ཐད་ནས་སྔར་ལས་ཤུགས་སྣོན་བྱེད་འདོད་མེད་ན། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའི་བྱ་བར་ཚད་བཀག་ཆེན་པོ་ཐེབས་སྲིད་ཟེར། ཨ་ཧྲི་ཡིས་ད་རུང་བཤད་རྒྱུར། ཁོ་རང་ལ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བཅོས་བསྒྱུར་ཐད་འདོད་ཚུལ་རེ་འགའ་ཡོད་པ་བདེན་ཡང་མིག་སྔར་ད་རུང་ཡོངས་བསྒྲགས་བྱེད་རྩིས་མེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག