མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སྐོར་ཐེངས་གསར་བའི་སི་རི་ཡཱའི་གནད་དོན་གྱི་ཕྱོགས་གསུམ་གྱི་གྲོས་མོལ་སྤྱི་ཟླ6པའི་ཚེས25ཉིན་རི་ནེ་ཝ་ནས་སྤེལ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-22 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱི་མགྲིན་ཚབ་པ་གཞོན་པ་ཏི་ཨར་པུའུ་ཨེ་ཡིས་སྤྱི་ཟླ6པའི་ཚེས21ཉིན་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཁྱབ་སྒྲོག་བྱས་དོན། ཨུ་རུ་སི་དང་ཨ་མེ་རི་ཁ། མཉམ་འབྲེལ་རྒྱལ་ཚོགས་བཅས་ཕྱོགས་གསུམ་ཞུགས་པའི་སྐོར་ཐེངས་གསར་བའི་སི་རི་ཡཱའི་གནད་དོན་གྱི་གྲོས་མོལ་དེ་ཚེས་ཉེར་ལྔ་ཉིན་རི་ནེ་ཝ་ནས་སྤེལ་རྒྱུུ་ཡིན་ཟེར།

ཏི་ཨར་པུའུ་ཨེ་ཡིས་ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སི་རི་ཡཱའི་ཉམས་ཉེན་གྱི་དམིགས་བསལ་འཐུས་མི་པུའུ་ལཱ་ཞི་མུས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་ཟེར།

ཏི་ཨར་པུའུ་ཨེ་ཡིས་ད་རུང་སི་རི་ཡཱའི་བྱིས་པའི་འཚོ་སྡོད་གནས་ཚུལ་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག