མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་མནའ་འབྲེལ་གྱིས་མ་དངུལ་སྒོར་དུང་ཕྱུར9970བཏང་སྟེ་ཡོ་རོབ་ཀྱི་དཔལ་འབྱོར་སླར་གསོ་ཐུབ་པ་བྱ་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-22 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་མནའ་འབྲེལ་གྱིས་ཡོ་རོབ་དངུལ་སྒོར་དུང་ཕྱུར10000བཏང་སྟེ་ཡོ་རོབ་ཀྱི་དཔལ་འབྱོར་སླར་གསོ་ཐུབ་པ་བྱེད་རྩིས་ཡོད་པ་དང་། མ་དངུལ་དེ་དག་སྤྱི་ལོ2014ལོ་ནས2020ལོ་བར་སྔ་རྗེས་སུ་བེད་སྤྱོད་གཏོང་རྒྱུ་ཡིན་པ་རེད།

ཉིན་ཤས་གོང་། ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཚོས་པེར་ཀྲེམ་གྱི་རྒྱལ་ས་པུ་ལུ་སེར་དུ་གོང་གསལ་གྱི་ནོར་སྲིད་འཆར་གཞི་དེར་གྲོས་འཆམ་བྱུང་བ་དང་། ཞིབ་ཕྲའི་གྲངས་འབོར་ཡོ་རོབ་སྒོར་དུང་ཕྱུར9970ཟིན་གྱི་ཡོད་པ་རེད། ཡོ་རོབ་མནའ་འབྲེལ་གྱི་པུའུ་ཀྲང་ཨུ་ཡོན་ལྷན་ཁང་གི་ད་ལྟའི་རེས་འཁོར་ཀྲུའུ་ཞི། ཨེར་ལན་གྱི་ཕྱི་འབྲེལ་པུའུ་ཀྲང་ཨེ་མོང་•ཇིར་མོས། ང་ཚོས་འཆར་གཞིར་གྲོས་མཐུན་བྱུང་ཟིན་ཡོད། ངའི་བསམ་པར་དེ་ཡོ་རོབ་ཧྲིལ་པོའི་ངོས་ནས་བཤད་ན་གཏམ་བཟང་ཞིག་རེད་ཅེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག