ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱིས་སྤྱི་ཟླ6པའི་ཚེས20ཡི་ཉིན་སྤྱི་སྒྲོག་སྤེལ་ཏེ། 2014ལོའི་སྤྱི་ཟླ1པོ་ནས་བཟུང་དངུལ་ཁང་ལས་རིགས་ཀྱི་སྒྲིག་སྲོལ་གསར་བ་སྐོར་ཞིག་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། དེའི་ནང་དངུལ་ཁང་ལས་རིགས་ཀྱི་མ་རྩའི་ཚད་གཞི་དང་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས། དངུལ་ཁང་གི་ལས་བཟོ་བའི་བྱ་དགའི་མ་དངུལ་ལ་ཚོད་འཛིན་བྱེད་པ་སོགས་འདུས་ཡོད།
སྒྲིག་སྲོལ་གསར་བ་དེ་སྤྱི་ཟླ7པའི་ཚེས1ཉིན་དངོས་སུ་ཁྱབ་སྒྲོག་བྱེད་རྒྱུ་ཡིན་པ་དང་། དེའི་ནང་ཆེས་གལ་ཆེ་བའི་དོན་ཚན་ནང2014ལོའི་ལོ་མཇུག་གི་སྔོན་ལ། དངུལ་ཁང་དང་དངུལ་གཏོང་ལས་ཁུངས་ཀྱིས་རིམ་པ་དང་པོའི་མ་རྩའི་འདང་ཚད་མིག་སྔའི2%དང4.5%ལ་ཇེ་མཐོར་གཏོང་བ་དང་། འཁོར་རྒྱུག་རང་བཞིན་གྱི་ཁེངས་ཚད་དེ་དུས་རིམ་བགོས་ནས་ཇེ་མཐོར་བཏང་སྟེ། 2015ལོར60%དང་། 2018ལོར100%བསླེབས་སུ་འཇུག་དགོས་པའི་རེ་བ་བཏོན་ཡོད། །