མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁ་དང་འཇར་པན་དང་ཧན་གོ་བཅས་ཀྱིས་ཁྲའོ་ཞན་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བར་ཡར་སྐུལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-21 11:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁ་དང་འཇར་པན། ཧན་གོ་བཅས་ཀྱི་དཔོན་རིགས་ཀྱིས་སྤྱི་ཟླ6པའི་ཚེས19ཡི་ཉིན་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་གནད་དོན་ཐད་ནས་དོན་སྙིང་ལྡན་པའི་བྱེད་ཐབས་སྤྱོད་རྒྱུའི་སྐུལ་མ་བཏང་བ་དང་། དེ་ལས་བརྟེན་ནས་རྒྱལ་ཁབ་གསུམ་གྱི་འབྲེལ་བ་ལེགས་བཅོས་བྱེད་རྩིས་ཡོད།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་དེར་རྒྱལ་ཁབ་གསུམ་གྱི་ཁྲའོ་ཞན་ཉིང་རྡུལ་ནུས་པའི་གནད་དོན་ཐད་ཀྱི་ཕྱོགས་གསུམ་གྲོས་མོལ་མཇུག་སྒྲིལ་རྗེས་གསལ་སྒྲོག་སྤེལ་ཏེ། གལ་ཏེ་ཁྲའོ་ཞན་གྱིས་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་གནད་དོན་ཐད་དོན་སྙིང་ལྡན་པའི་བྱེད་ཐབས་སྤྱད་ན། ཁྲའོ་ཞན་གྱིས་ཨ་མེ་རི་ཁ་དང་། འཇར་པན། ཧན་གོ་བཅས་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་པར་སྒོ་གླེགས་ཡངས་པོར་ཕྱེ་པར་ང་ཚོ་གཅིག་གྱུར་འཐད་པ་བྱུང་ཡོད་ཟེར།

རྒྱལ་ཁབ་གསུམ་གྱིས2005ལོའི་སྤྱི་ཟླ9བར་ཕྱོགས་དྲུག་གི་གྲོས་མོལ་ནས་སྤེལ་བའི་ཐུན་མོང་གསལ་སྒྲོག་བརྩི་སྲུང་ནན་མོ་བྱེད་རྒྱུ་བསྐྱར་སྒྲོག་བྱས་པ་དང་། དེའི་ནང་གསལ་སྒྲོག་ལས་བསྟན་པའི་ཞི་བའི་ཐབས་ལ་བརྟེན་ནས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་དམིགས་འབེན་གཙོ་བོ་དེ་མངོན་འགྱུར་བྱེད་པ་ཡང་འདུས། རྒྱལ་ཁབ་གསུམ་གྱིས་ཁྲའོ་ཞན་གྱིས་བྱེ་བྲག་གི་འགུལ་སྐྱོད་སྤེལ་མིན་ལ་གཞིགས་ཏེ་བརྡར་གཅོད་བྱེད་རྒྱུ་ཡིན་ཟེར། ཨ་མེ་རི་ཁ་དང་འཇར་པན། ཧན་གོ་བཅས་ཀྱིས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁྲའོ་ཞན་ལ་འབྲེལ་བའི་གྲོས་ཆོད་ལག་བསྟར་ནན་མོ་བྱེད་པ་དང་། ཁརའོ་ཞན་དང་ཧན་གོའི་འབྲེལ་བ་ལེགས་བཅོས་བྱེད་པ། དུས་རབས་སྔོན་མའི་ལོ་རབས70ཡི་མཇུག་ཏུ་ཁྲའོ་ཞན་གྱི་གསང་མྱུལ་བས་འཇར་པན་གྱི་མི་བཙན་ཁྲིད་བྱས་པའི་གནད་དོན་ཐག་གཅོད་བྱེད་པ་བཅས་ཀྱི་གལ་ཆེན་རང་བཞིན་བྱས་པ་དང་། ཀྲུང་གོ་དང་ཨུ་རུ་སི། དེ་མིན་གྲོགས་པོའི་རྒྱལ་ཁབ་གཞན་པ་དག་དང་མཉམ་དུ་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་མུ་མཐུད་དུ་འབྲེལ་འདྲིས་བྱེད་པར་རེ་སྒུག་བྱས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག