མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་མན་གསར་འགྱུར་ལས་རིགས་ཀྱིས་ཨོ་པཱ་མཱ་ཡི་པོ་ལིན་གྱི་གཏམ་བཤད་ལ་ཡིད་ཕངས་པའི་ཚུལ་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-21 11:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གསར་འགྱུར་ལས་རིགས་ཀྱིས་སྤྱི་ཟླ6པའི་ཚེས20ཡི་ཉིན་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས19ཡི་ཉིན་པོ་ལིན་ནས་སྤེལ་བའི་གཏམ་བཤད་དེ་དོན་དངོས་དང་མི་མཐུན་པ་དང་། གནད་དོན་རྒྱས་བཤད་བྱེད་སྐབས་ཁ་དབྱངས་ཙམ་སྒྲོག་པ་ལས་བྱེ་བྲག་གི་སྤྱད་ཆོག་པའི་བྱེད་ཐབས་ཤིག་བཏོན་མེད་ལ། དེ་ལས་ཚུལ་ཉམས་རིང་ལུགས་ཙང་ལས་ཕན་ནུས་ལྡན་པའི་ལག་བསྟར་བྱེད་ཐབས་ཅི་ཡང་མེད་པ་དང་། ཞོར་དུ་དེང་སྐབས་ཀྱི་ཡོ་རོབ་གླིང་གི་དངུལ་བུན་ཉམས་ཉེན་ཁྲོད་ཀྱི་འཇར་མན་དང་ཨ་མེ་རི་ཁའི་ནོར་སྲིད་འགྲོ་སོང་ཇེ་ཉུང་དུ་གཏོང་བའི་སྲིད་ཇུས་ཐད་ཀྱི་འགལ་བ་ངོ་མ་དེ་གླེང་མེད་ཟེར།

ཞིན་ལེ་ཡུན་ཚགས་པར་གྱིས་དཔྱད་བརྗོད་སྤེལ་ཏེ། ཨོ་པཱ་མཱ་ཡིས་གཏམ་བཤད་སྤེལ་སྐབས་བརྗོད་པ་ནི་ཡིད་ཀྱི་ཚོར་ཉམས་ལས་དོན་དངོས་ཀྱི་བསམ་གཞིག་མིན་པ་དང་། བཀོད་སྒྲིག་བྱས་ཟིན་པའི་འཐབ་ཇུས་ཉིང་རྡུལ་མཚོན་ཆའི་སུམ་ཆའི་གཅིག་ཇེ་ཉུང་དུ་གཏོང་བ་དང་། དམངས་གཙོའི་རང་དབང་། སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པ་སོགས་ཀྱི་གླེང་གཞི་ནི་སྟོང་བཤད་ཙམ་ཡིན་པ་ལས། སྤྱད་ཆོག་པའི་བྱེ་བྲག་གི་བྱེད་ཐབས་ཅི་ཡང་བཏོན་མེད། ཨོ་པཱ་མཱ་ཡིས་འཛམ་གླིང་ཡོངས་ཀྱི་མི་ཀུན་ལ་བག་ཆགས་ཟབ་མོ་ཞིག་བཞག་པ་ནི་ཁས་ལེན་དམ་བཅའ་བྱས་པ་དེ་དོན་དངོས་ཀྱི་འགུལ་སྐྱོད་ལས་རིང་དུ་བརྒལ་ཡོད་པ་དེ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག