མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལཱ་ཐའོ་ཝེ་ཡཱའི་ཙུང་ཐུང་བཞུགས་ཤག་ལ་མེ་སྐྱོན་བྱུང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-21 11:31

10.jpg

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས20ཡི་ཉིན། ལཱ་ཐའོ་ཝེ་ཡཱའི་ཙུང་ཐུང་བཞུགས་ཤག་ལ་མེ་སྐྱོན་བྱུང་། ཞིག་གསོ་བྱེད་བཞིན་པའི་ལཱ་ཐའོ་ཝེ་ཡཱའི་ཙུང་ཐུང་བཞུགས་ཤག་ལ་ཚེས20ཡི་ཉིན་གྱི་དགོང་མོར་མེ་སྐྱོན་ཆེན་པོ་བྱུང་། རྒྱལ་ཁབ་མེ་གསོད་རོགས་སྐྱོར་སྡེ་ཁག་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། མེ་སྐྱོན་བྱུང་སར་མི་སྣར་ཤི་རྨས་བྱུང་མེད་པ་དང་། 1330ལོར་འཛུགས་སྐྲུན་བྱས་པའི་ལི་ཀའི་བཙན་རྫོང་དེ་ནི་ལཱ་ཐའོ་ཝེ་ཡཱའི་རྒྱལ་ས་ལི་ཀའི་བཙན་རྫོང་རྙིང་བ་ཞིག་ཡིན་པ་དང་། 1990ལོར་ལཱ་ཐའོ་ཝེ་ཡཱ་རང་བཙན་བྱས་རྗེས། ལི་ཀ་བཙན་རྫོང་ནི་ནམ་རྒྱུན་ལཱ་ཐའོ་ཝེ་ཡཱའི་ཙུང་ཐུང་གི་གཞུང་སྒྲུབ་ཁང་དུ་བྱས་ཡོད། བཙན་རྫོང་དེར་ན་ནིང་སྤྱི་ཟླ9བ་ནས་བཟུང་ཞིག་གསོ་བྱེད་མགོ་བརྩམས་པས། ལཱ་ཐའོ་ཝེ་ཡཱའི་ཙུང་ཐུང་པེར་ཅིན་ཧྲི་དང་ཙུང་ཐུང་གཞུང་སྒྲུབ་ཐིན་གནས་སྐབས་སུ་མནའ་མཁར་དེའི་ཧེ་ཐིག་ཕོ་བྲང་དུ་བསྣུར་ནས་གཞུང་སྒྲུབ་བྱེད་བཞིན་ཡོད།  །

11.jpg

12.jpg

13.jpg

15.jpg

16.jpg

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག