མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐུ་ནི་ཞི་ཡཱའི་ཕྱི་འབྲེལ་བློན་ཆེན་གྱིས་ཞི་བའི་ཐབས་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-21 11:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་དུ་འཚམས་འདྲི་བྱེད་བཞིན་པའི་ཐུ་ནི་ཞི་ཡཱའི་ཕྱི་འབྲེལ་བློན་ཆེན་ཅཱ་ལན་ཏིས་ཀྱིས་སྤྱི་ཟླ6པའི་ཚེས20ཡི་ཉིན་པེ་རུ་ཐི་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་སྤེལ་ཏེ། ཞི་བའི་སྒོ་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ལེ་པཱ་ནུན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཐུ་ནི་ཞི་ཡཱའི་ཕྱི་འབྲེལ་བློན་ཆེན་གྱིས་ཉིན་དེར་ལེ་པཱ་ནུན་གྱི་ཙུང་ཐུང་སུའུ་ལེ་མན་དང་གྲོས་དཔོན་པེ་ལི། ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་མུས་ཁཱ་ཐིས། ཕྱི་འབྲེལ་བློན་ཆེན་མན་སུའུ་ཨར་སོགས་སྲིད་གཞུང་གི་མགོ་ཁྲིད་པར་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་སི་རི་ཡཱའི་ཉམས་ཉེན་གྱི་གནས་ཚུལ་གསར་བ་དང་ཉམས་ཉེན་དེས་ས་ཁུལ་གྱི་གནས་བབ་ལ་ཐེབས་པའི་གནོད་པ། ཕྱོགས་གཉིས་ཀྱི་འབྲེལ་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཅཱ་ལན་ཏིས་ཀྱིས་མན་སུའུ་ཨར་དང་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། སི་རི་ཡཱའི་ཉམས་ཉེན་དེ་ཞི་བའི་སྒོ་ནས་ཐག་གཅོད་བྱེད་པའི་གྲས་སུ་བཞག་སྟེ། སི་རི་ཡཱ་རྒྱལ་ཁབ་ཀྱིས་ཨ་རབ་ས་ཆའི་རྒྱུན་ལྡན་གྱི་གོ་གནས་སླར་གསོ་བྱེད་པར་སྟབས་བདེ་བཟོ་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། ཐུ་ནི་ཞི་ཡཱ་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་ས་ཁུལ་ཡོངས་ཀྱི་རྒྱལ་ཁབ་དག་གིས་བཏོན་པའི་ཞི་བའི་སྒོ་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་འདོད་བློར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། ས་ཁུལ་དང་རྒྱལ་སྤྱིའི་རྒྱུ་རྐྱེན་གང་ལ་བསམ་བློ་བཏང་ཡང་སི་རི་ཡཱའི་བརྟན་འཇགས་སླར་གསོ་བྱེད་པ་དེ་ཐུ་ནི་ཞི་ཡཱའི་ཁེ་ཕན་དང་འཚམ་པ་དང་། ཐུ་ནི་ཞི་ཡཱ་རྒྱལ་ཁབ་ཀྱིས་བལྟས་ན་ཞི་བའི་སྒོ་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་པ་ནི་ཡང་དག་པའི་ཐབས་ལམ་ཞིག་ཡིན་པར་བསམ་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག