མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱ་གར་བྱང་ཕྱོགས་ས་ཁུལ་དུ་དྲག་ཆར་བབས་ཏེ་མི་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི་བདུན་གར་སོང་རྙེད་མེད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-21 11:31

1.jpg

   སྤྱི་ཟླ6པའི་ཚེས20ཉིན། རྒྱ་གར་གྱི་རྒྱལ་ས་དྷི་ལེ་གསར་བའི་ཉེ་འདབས་ཀྱི་ཡཱ་མུའུ་ནཱ་གཙང་བོའི་འགྲམ་རྒྱུད་ཀྱི་དབུལ་ཕོངས་མང་ཚོགས་སྡོད་ས་ཞིག་ཆུས་བསྣུབས་པ།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་རྒུད་སྐྱོབ་སྡེ་ཁག་གིས་སྤྱི་ཟླ6པའི་ཚེས20ཉིན་བདེན་དཔང་བྱས་དོན། རྒྱ་གར་བྱང་ཕྱོགས་ས་ཁུལ་དུ་བསྟུན་མར་ཉིན་འགའི་རིང་དྲག་ཆར་བབས་པ་ལས་ཆུ་ལོག་གི་གནོད་འཚེ་ཆེན་པོ་བྱུང་སྟེ། མི182རྐྱེན་ལམ་དུ་ཤོར་ཟེར། དེ་ལས་གཞན་ས་དེའི་འབྲེལ་ཡོད་སྡེ་ཁག་གི་དཔོན་རིགས་ཀྱིས་བཤད་རྒྱུར། ད་ལྟའི་བར་མི་ཁྲི7ཙམ་གར་སོང་རྙེད་མེད་པས་ཤི་བོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།

   ཟླ་འདིའི་ཚེས16ཉིན་ནས་ཚེས18ཉིན་བར། རྒྱ་གར་བྱང་ཕྱོགས་ཀྱི་ས་ཁུལ་མང་ཆེ་ཤོས་སུ་བསྟུད་མར་དྲག་ཆར་བབས། བསྟུད་མར་དྲག་ཆར་བབས་པ་ལས་ཆུ་ལོག་དང་རི་ཉིལ་བའི་གནོད་འཚེ་ཆེན་པོ་བྱུང་།

   བསྒྲགས་པའི་གནས་ཚུལ་ལྟར་ན། གནོད་འཚེ་ཐེབས་པ་ཆེས་ཚབས་ཆེ་བ་ནི་ཨ་ཁུན་ཏི་པང་བྱང་མ་ཡིན་པ་དང་། དྲག་ཆར་ལས་ས་ཁུལ་དེའི་གཞུང་ལམ400ལ་གཏོར་བརླག་ཐེབས་པ་དང་། ཟམ་པ21ཆུས་འཁུར། སྡེ་བ60ལྷག་ཆུས་བསྣུབས་ནས་ཤུལ་མེད་དུ་བཟོས་ཟེར།

  གནོད་པ་ཐེབས་རྗེས་རྒྱ་གར་སྲིད་གཞུང་གིས་དམག་མི་མང་བོ་མངག་གཏོང་བྱས་ཏེ་རྒུད་སྐྱོབ་བྱས་པ་དང་། ཉེན་ཁའི་ས་ཁུལ་གྱི་མང་ཚོགས་ཁྲི་ཕྲག་འགའ་བདེ་འཇགས་ཀྱི་སར་བསྐྱལ་ཡང་། མིག་སྔར་ད་རུང་མི་ཁྲི6ལྷག་ཨ་ཁུན་ཏི་པང་བྱང་མ་དང་བྱང་ཕྱོགས་པང་སོགས་སུ་ཉེན་ཁའི་གནས་ལས་ཐར་མེད།

   དབྱིན་ཇིའི་རྒྱང་སྒྲོག་ཀུང་ཟི་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉེན་གནས་སུ་ལུས་པའི་མི་མང་ཤོས་ནི་ཨ་ཁུན་ཏི་པང་བྱང་མ་ནས་བསྡུས་པའི་ལོ་རེར་ཐེངས་རེ་སྤེལ་བཞིན་པའི་རྒྱ་གར་ཆོས་ལུགས་ཀྱི་མཇལ་ཕྱག་བྱ་འགུལ་ལ་ཞུགས་པའི་མཇལ་བ་ཡིན་པ་དང་། རྒྱ་གར་ཆོས་ལུགས་ཀྱི་གནས་མཆོག་ཁའེ་ཏར་ནཱ་ཐི་གྲོང་རྡལ་ལ་གནོད་པ་ཚབས་ཆེན་ཐེབས། དུས་རབས་བརྒྱད་པར་འཛུགས་སྐྲུན་བྱས་པའི་ཞི་ཝ་དགོན་པ་དེ་འདམ་ཆུས་བསྣུབས་པ་དང་། མཇལ་བ་དག་གིས་ལས་པའི་ངལ་གསོའི་ས་ཚིགས་དགུ་བཅུ་བོ་ཕལ་ཆེར་ཆུས་བསྣུབས་ཡོད་ཟེར།

   རྒྱ་གར་གྱི་ཙུང་ལི་ཞིན་ཀི་དང་རྒྱལ་ཆེན་ཏང་གི་ཀྲུའུ་ཞི་སུའུ་ནེ་ཡཱ་ཀན་ཏིས་གིས་ཀྱིས་ཚེས19ཡི་ཉིན་གནོད་ཐེབས་ས་ཁུལ་དུ་རྟོག་ཞིབ་བྱས་པར་མ་ཟད། ཨ་ཁུན་ཏི་པང་བྱང་མར་རྒྱ་གར་གྱི་སྒོར་མོ་ཐེར་ཆེན1བཏང་སྟེ་རྒུད་སྐྱོབ་བྱ་བའི་ཐད་བཀོལ་རྒྱུ་ཐག་བཅད།

   རྒྱ་གར་རྒྱལ་ནང་གི་གསར་འགྱུར་ལས་རིགས་དང་ཁོར་ཡུག་སྲུང་སྐྱོབ་མི་སྣས་བལྟས་ན། སྡོང་བོ་གང་འདོད་དུ་བཅད་པ་དང་ཁྲིམས་འགལ་གྱིས་གཏེར་ཁ་སྔོག་འདོན་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བྱས་པ་དང་། དེའི་ཁར་སྲིད་གཞུང་གི་སྲུང་སྐྱོབ་ཤུགས་ཚད་མི་འདང་བ་ནི་ཆུ་ལོག་གི་གནོད་འཚེ་ཆེན་པོ་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པར་འདོད།  །

2.jpg

  སྤྱི་ཟླ6པའི་ཚེས20ཡི་ཉིན། རྒྱ་གར་གྱི་རྒྱལ་ས་དྷི་ལེ་གསར་བའི་ཉེ་འདབས་ཀྱི་ཡཱ་མུའུ་ནཱ་གཙང་བོའི་འགྲམ་བརྒྱུད་དུ་འཁོར་གསུམ་ལྕགས་རྟ་འགའ་ཆུས་བསྣུབས་འདུག་པ།

3.jpg

འདི་ནི་སྤྱི་ཟླ6པའི་ཚེས20ཡི་ཉིན་རྒྱ་གར་གྱི་དྷི་ལེ་གསར་བའི་ཉེ་འདབས་ཀྱི་ཆེ་ཆེར་རྒྱས་པའི་ཡཱ་མུའུ་ནཱ་གཙང་བོའི་རྣམ་པ་རེད།

4.jpg

        སྤྱི་ཟླ6པའི་ཚེས20ཡི་ཉིན། རྒྱ་གར་གྱི་རྒྱལ་ས་དྷི་ལེ་གསར་བའི་ཉེ་འདབས་ཀྱི་ཡཱ་མུའུ་ནཱ་གཙང་བོའི་འགྲམ་བརྒྱུད་དུ་སྡོད་ཁང་ཆུས་བསྣུབས་ཏེ་མི་མང་བོ་སྲང་ལམ་དུ་མི་ཉུལ་ཐབས་མེད་བྱུང་།

5.jpg

    སྤྱི་ཟླ6པའི་ཚེས20ཡི་ཉིན། རྒྱ་གར་གྱི་རྒྱལ་ས་དྷི་ལེ་གསར་བའི་ཉེ་འདབས་ཀྱི་ཡཱ་མུའུ་ནཱ་གཙང་བོའི་འགྲམ་བརྒྱུད་ཀྱི་ཆུས་བསྣུབས་པའི་སྤྱི་གླིང་ཞིག་ཏུ་སྐྱེས་པ་ཞིག་རྐུབ་སྟེགས་ཀྱི་སྟེང་དུ་བུད་འདུག་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག