མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་པོ་ལིན་དུ་གཏམ་བཤད་སྤེལ་ཏེ་ཉིང་རྡུལ་ནུས་པའི་མཚོན་ཆ་ཇེ་ཉུང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-20 11:17

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་དུ་འཚམས་འདྲི་བྱེད་བཞིན་པའི་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་སྤྱི་ཟླ6པའི་ཚེས19ཉིན་པོ་ལིན་ནས་གཏམ་བཤད་སྤེལ་ཏེ། འཛམ་གླིང་ཡོངས་ཀྱི་འཐབ་ཇུས་ཉིང་རྡུལ་ནུས་པའི་མཚོན་ཆ་སུམ་ཆའི་གཅིག་ཇེ་ཉུང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། སྔར་ལས་ལྷག་པའི་འགུལ་སྐྱོད་སྤེལ་ཏེ་ནམ་ཟླའི་འགྱུར་ལྡོག་གི་འགྲན་རྩོད་ཐག་གཅོད་བྱེད་རྒྱུ་ཁས་ལེན་བྱས།

ཨོ་པཱ་མཱ་ཡིས་ཉིན་དེར་པོ་ལིན་གྱི་མཚོན་དོན་ཆེན་པོ་ལྡན་པའི་པའོ་ལན་ཏིན་བཙན་རྫོང་གི་སྒོ་ཁ་ནས་མི6000ཙམ་ལ་གཏམ་བཤད་གལ་ཆེན་སྤེལ། ཨོ་པཱ་མཱ་ཡིས་བཤད་རྒྱུར། ཕྱོགས་ཡོངས་ནས་དཔྱད་འཇོག་བྱས་པ་བརྒྱུད། བཀོད་སྒྲིག་བྱས་པའི་འཐབ་ཇུས་ཉིང་རྡུལ་མཚོན་ཆ་སུམ་ཆའི་གཅིག་ཇེ་ཉུང་དུ་གཏོང་ཐུབ་པར་ཡིད་ཆེས་ཡོད་པ་དང་། དེ་ལྟར་བྱས་ན་སྔར་བཞིན་ཨ་མེ་རི་ཁ་དང་མནའ་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་ཐུབ་ཅིང་། སྟོབས་དང་ལྡན་ཞིང་ཡིད་རྟོན་རུང་བའི་འཐབ་ཇུས་སྙན་གྲགས་སྲུང་འཛིན་བྱེད་ཐུབ་ཟེར། ཁོས་ཨུ་རུ་སི་དང་མཉམ་དུ་ཉིང་རྡུལ་ནུས་པའི་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཐད་ནས་གྲོས་མོལ་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

ཨོ་པཱ་མཱ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་ངེས་པར་དུ་སྔར་ལས་ལྷག་པའི་སྒོ་ནས་འབད་བརྩོན་བྱས་ཏེ་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་དགོས་པར་ངེས་ཤེས་ཟབ་མོ་ཡོད་པ་དང་། ཁོས་སྔར་ལས་མང་བའི་འགུལ་སྐྱོད་སྤེལ་རྒྱུ་ཁས་ལེན་བྱས། ཁོས་བཤད་རྒྱུར། ང་ཚོའི་ཉེན་ཁ་ཆེ་བའི་ཐན་ཕྱིར་གཏོང་ཚད་ཇེ་ཉུང་དུ་སོང་ཡོད་ཀྱང་ང་ཚོས་ངེས་པར་དུ་བྱ་བ་སྔར་ལས་མང་བོ་བསྒྲུབ་དགོས། ཚོད་དཔག་བྱས་ན་ཨོ་པཱ་མཱ་ཡིས་གཟའ་འཁོར་འགའི་ནང་ཨ་མེ་རི་ཁའི་འཛམ་གླིང་ཡོངས་ཀྱི་ནམ་ཟླ་ཇེ་དྲོར་འགྲོ་བའི་གནད་དོན་ཐག་གཅོད་པའི་བྱེད་ཐབས་གསར་བ་ཁྱབ་སྒྲོག་བྱེད་རྒྱུ་རེད།

ཨོ་པཱ་མཱ་ཡིས་ད་རུང་བྱང་ཆིངས་རྩ་འཛུགས་ཀྱི་མནའ་འབྲེལ་རྒྱལ་ཁབ་བར་མཉམ་ལས་བྱས་ཏེ། ཞི་བའི་སྒོ་ནས་ཉིང་རྡུལ་ནུས་པའི་གློག་ཤུགས་བེད་སྤྱོད་བྱེད་པའི་རྒྱལ་སྤྱིའི་རང་བཞིན་གྱི་གྲོས་མཐུན་ཞིག་འགོད་རྒྱུ་ཁས་ལེན་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག