མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་ཐཱ་ལེ་པན་བར་གྲོས་མོལ་བྱེད་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-20 11:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་ཆབ་སྲིད་དོན་གཅོད་ཁང་དེ་སྤྱི་ཟླ6པའི་ཚེས18ཉིན་ཁཱ་ཐར་གྱི་རྒྱལ་ས་ཏོ་ཧཱ་ནས་དངོས་སུ་བཙུགས་པ་དང་། དབྱེ་ཞིབ་མི་སྣས་བལྟས་ན། བྱ་སྤྱོད་དེས་ཨ་ཧྥུའུ་ཧན་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་སྲིད་པར་འདོད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཚེས་ཉི་ཤུ་ཉིན་ཏོ་ཧཱ་ནས་ཐཱ་ལེ་པན་དང་ཞི་བའི་གྲོས་མོལ་བྱེད་རྒྱུ་ཡིན་ཟེར། ཡིན་ཡང་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཁཱ་ཨར་ཀྲ་དབྱེ་ཡིས་ཚེས་བཅུ་དགུ་ཉིན་བསྟན་དོན། ཐཱ་ལེ་པན་གྱིས་ཁཱ་ཐར་ནས་སྤེལ་རྒྱུ་ཡིན་པའི་ཞི་བའི་གྲོས་མོལ་ལ་བཀག་འགོག་བྱེད་རྒྱུ་ཡིན་ཟེར།

ཚེས20ཉིན་བསྡུ་རྒྱུ་ཡིན་པའི་ཨ་མེ་རི་ཁ་དང་ཐཱ་ལེ་པན་བར་གྱི་གྲོས་མོལ་ནི་ཕྱོགས་གཉིས་ཀྱི་ལོ་མང་བོའི་རིང་གི་གྲོས་མོལ་ཐོག་མ་ཡིན་པས། ཨ་མེ་རི་ཁའི་དཔོན་རིགས་ཀྱིས་གྲོས་མོལ་དེ་ལས་ཨ་ཧྥུའུ་ཧན་གྱི་ཞི་བདེ་མངོན་འགྱུར་བྱེད་པར་རེ་བ་བཅངས་ཡོད།

ཁཱ་ཨར་ཀྲ་དབྱེ་ཡིས་ཚེས18རྒྱད་ཉིན། ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་བར་གྱི་གྲོས་མོལ་མགོ་བརྩམས་པ་དང་། འཐུས་མི་མངག་གཏོང་བྱས་ཏེ་ཚེས20ཉིན་གྱི་གྲོས་མོལ་ལ་ཞུགས་རྒྱུའི་ཚུལ་བསྟན། ཡིན་ན་ཡང་ཚེས་བཅུ་དགུ་ཉིན་ཁཱ་ཨར་ཀྲ་དབྱེའི་གཞུང་སྒྲུབ་ཁང་གིས་གློ་བུར་དུ་གསལ་བསྒྲགས་སྤེལ་ཏེ། ཞི་བའི་གྲོས་མོལ་དེ་ཨ་ཧྥུའུ་ཧན་གྱི་འདོད་བློ་དང་མ་བསྟུན་ན་ཨ་ཧྥུའུ་ཧན་སྲིད་གཞུང་གི་གྲོས་མོལ་འཐུས་མི་ཁཱ་ཐར་ནས་བསྡུ་རྒྱུ་ཡིན་པའི་ཞི་བའི་གྲོས་མོལ་ལ་ཞུགས་རྒྱུ་མིན་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཨ་ཧྥུའུ་ཧན་གྱི་མི་རང་ཉིད་ལ་འགན་ཁུར་དུ་བཅུག་སྟེ་ཞི་བའི་གྲོས་མོལ་མཚམས་འཇོག་རག་བར་ཏུ་བཀག་འགོག་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།

འབྲེལ་ཡོད་མི་སྣས་བཤད་རྒྱུར། ཁཱ་ཨར་ཀྲ་དབྱེ་ཡིས་གྲོས་མོལ་ལ་བཀག་འགོག་བྱེད་པ་དེ་ཨ་མེ་རི་ཁས་ཞི་བའི་གྲོས་མོལ་ལ་སྔོན་འགྲོའི་ཆ་རྐྱེན་གཏན་འཁེལ་བྱས་པར་འབྲེལ་བ་ཡོད་པར་བསམ་བཞིན་ཡོད་ཀྱང་། ཨ་མེ་རི་ཁས་མིག་སྔར་གཏན་འཁེལ་བྱས་པའི་ཞི་བའི་གྲོས་མོལ་གྱི་སྔོན་འགྲོའི་ཆ་རྐྱེན་ནི་ཐཱ་ལེ་པན་གྱིས་དྲག་ཤུགས་བསྐྱུར་བར་ཁས་ལེན་དུ་འཇུག་པ་ལས་འཁྲུག་རྩོད་མཚམས་འཇོག་པ་འདུས་མེད་པས། ཨ་ཧྥུའུ་ཧན་སྲིད་གཞུང་གིས་བལྟས་ན་སྔོན་འགྲོའི་ཆ་རྐྱེན་དེར་ཨ་ཧྥུའུ་ཧན་སྲིད་གཞུང་བར་གྲོས་མོལ་བྱེད་པ་དང་། ཨ་ཧྥུའུ་ཧན་གྱི་རྩ་ཁྲིམས་ཁས་ལེན་བྱེད་པ། མཚོན་ཆ་བསྐྱུར་བ་སོགས་ཁས་ལེན་པའི་ནང་དོན་འདུ་དགོས་པར་འདོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག