མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱའི་མཛའ་མཐུན་གྲོགས་པོ་ཞེས་པའི་རྒྱལ་ཁབ་བཅུ་གཅིག་གི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་ཏོ་ཧཱ་ནས་བསྡུ་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-20 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཕྱི་འབྲེལ་མི་སྣས་སྤྱི་ཟླ6པའི་ཚེས19ཉིན་བཤད་རྒྱུར། རྒྱལ་ཁབ་བཅུ་གཅིག་གི་ཕྱི་འབྲེལ་བློན་ཆེན་ཞུགས་པའི་སི་རི་ཡཱའི་མཛའ་མཐུན་གྲོགས་པོ་ཞེས་པའི་གྲོས་ཚོགས་དེ་ཚེས་ཉེར་གཉིས་ཉིན་ཁཱ་ཐར་གྱི་རྒྱལ་ས་ཏོ་ཧཱ་ནས་བསྡུ་རྒྱུ་ཡིན་པ་དང་། གྲོས་ཚོགས་ནས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་བར་དམག་དོན་རོགས་སྐྱོར་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

ཧྥ་རན་སི་དང་དབྱིན་ཇི། ཨ་མེ་རི་ཁ། འཇར་མན། དབྱི་ཐཱ་ལེ། ཅོར་ཏན། སོ་ཏི་ཨ་རབ། ཁཱ་ཐར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཐུར་ཁེ། ཨེ་ཅིབ་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་ཐེངས་འདིའི་གྲོས་ཚོགས་ལ་ཞུགས་རྒྱུ་རེད།

བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ་འདིའི་ཚེས14ཡི་ཉིན། རྒྱལ་ཁབ་བཅུ་གཅིག་གི་འཐུས་མིས་ཐུར་ཁེའི་ཨན་ཁཱ་ལཱ་ནས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པའི་མགོ་ཁྲིད་པ་སཱ་ལེ་མུའུ་དབྱེ་ཏི་ལི་སི་དང་གྲོས་མོལ་བྱས་པ་དང་། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གིས་ཐེངས་འདིའི་གྲོས་མོལ་སྐབས་སུ་རེ་འདོད་འགའ་བཏོན་པ་རེད། ཏོ་ཧཱ་གྲོས་ཚོགས་ནས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དགོས་མཁོ་དེ་དག་བསྐང་བའི་ཐབས་ལམ་ལ་གྲོས་བསྡུར་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག