མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གིས་དངུལ་ལོར་སྲིད་ཇུས་ལྷོད་ཡངས་སུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-20 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གིས་སྤྱི་ཟླ6པའི་ཚེས19ཉིན་ཁྱབ་བསྒྲགས་བྱས་དོན། ད་ལྟའི་བུ་ལོན་ཆེས་དམའ་བའི་དངུལ་ལོར་ལྷོད་ཡངས་ཀྱི་སྲིད་ཇུས་དེ་མུ་མཐུད་དུ་སྲུང་འཛིན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ལས་ཞུགས་ཇེ་མང་དུ་འགྲོ་བ་དང་དཔལ་འབྱོར་སླར་གསོ་འབྱུང་བར་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར། ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པའོ་ནན་ཁི་ཡིས་ཉིན་དེར་བསྟན་དོན། ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གིས་ད་ལོའི་ལོ་སྨད་ཙམ་ནས་བཟུང་ཉོ་བསྡུའི་འཆར་གཞིའི་གཞི་རྒྱ་ཇེ་ཆུང་དུ་གཏོང་སྲིད་ཟེར།

ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་ཚོགས་ཡུན་ཉིན་གཉིས་ཡིན་པའི་དངུལ་ལོར་སྲིད་ཇུས་ཀྱི་རྒྱུན་ལྡན་གྲོས་ཚོགས་མཇུག་སྒྲིལ་རྗེས་གསལ་བསྒྲགས་སྤེལ་ཏེ། ཐེངས་སྔོན་མའི་རྒྱུན་ལྡན་གྱི་གྲོས་ཚོགས་ཚུན་ལ་འཚོལ་སྡུད་བྱས་པའི་ཆ་འཕྲིན་ལྟར་ན། ཨ་མེ་རི་ཁའི་དཔལ་འབྱོར་ལ་འཕར་སྣོན་ཅུང་ཙམ་བྱུང་ཡོད་པ་དང་། ངལ་རྩོལ་པའི་ཚོང་ར་ཇེ་ལེགས་སུ་འགྲོ་བའི་སྣང་ཚུལ་བྱུང་ཡོད་ཀྱང་། ལས་ཤོར་གྱི་ཚད་སྔར་བཞིན་མཐོ་བ་དང་། ས་ཁང་བདག་ཁོངས་ཚོང་རའི་སྟོབས་ཤུགས་སྔར་ལས་ཇེ་ཆེར་སོང་ཡོད་ཀྱང་། ནོར་སྲིད་སྲིད་ཇུས་ནན་མོ་ཡིན་པ་ལས་དཔལ་འབྱོར་འཕར་སྣོན་ལ་ཚད་བཀག་ཐེབས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག