མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀི་རི་སིའི་སྲིད་དབང་འཛིན་མཁན་ཏང་གསུམ་བར་རྒྱལ་ཁབ་རླུང་འཕྲིན་ཀུང་སི་སྒོ་བརྒྱབ་པའི་ཐད་བསམ་འཆར་གཅིག་གྱུར་མ་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-19 11:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀི་རི་སའི་ཙུང་ལི་ས་མ་ལ་སིས་མཉམ་འབྲེལ་སྲིད་གཞུང་ཁྲོད་ཀྱི་སྲིད་ཏང་འགོ་ཁྲིད་པ་གཉིས་དང་སྤྱི་ཟླ6པའི་ཚེས17ཉིན་གླེང་མོལ་གནང་ཡོད། འོན་ཀྱང་ཕྱོགས་གསུམ་པོས་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་ཀུང་སི་སྒོ་བརྒྱབ་པའི་རྐྱེན་གྱིས་བྱ་དཀའ་བྱེད་གཏད་དུ་གྱུར་བའི་དུས་བབ་ཐག་གཅོད་ཐུབ་མེད་པས། སྤྱི་ཚེས19ཉིན་མུ་མཐུད་གླེང་མོལ་བྱ་རྒྱུ་ཡིན་པ་རེད།

ཀི་རི་སིའི་ཙུང་ལི་ས་མ་ལ་སིས་སྤྱི་ཟླ6པའི་ཚེས11ཉིན་རུལ་སུངས་དང་དོ་དམ་ཡག་པོ་མེད་པར་ཁ་གཡར་ནས། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་ཀུང་སི་འཕྲལ་མར་སྒོ་རྒྱག་དགོས་པའི་ཁྱབ་བསྒྲགས་བྱས་པ་མ་ཟད། སྤྱི་ཟླ9པའི་གོང་དུ་གཞི་ཁྱོན་ཆུང་དུ་བཏང་བའི་ཀུང་སི་གསར་པ་བཙུགས་ཏེ་དེ་སྔའི་ལས་ཁུངས་དེའི་ཚབ་བྱེད་དགོས། གཏན་འབེབས་དེར་ཀུང་སི་དེའི་ལས་མིའི་ངོ་རྒོལ་དྲག་པོ་ཕོག་པ་དང་། སྲིད་འཛིན་མཁན་ཏང་གསུམ་པོའི་ནང་ཁུལ་དུ་ཡང་ཕྱོགས་འགལ་ཐོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག