མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་ཀྲུང་དབྱང་གསང་འཕྲིན་ཅུའུ་ཡི་དཔོན་པོ་པུའུ་ལོན་ནན་གྱིས་རོ་མཱ་ནི་ཡཱ་རྒྱལ་ཁབ་ལ་འཚམས་འདྲི་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-19 11:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རོ་མཱ་ནི་ཡཱ་རྒྱལ་ཁབ་ཀྱི་ཙུང་ཐུང་པའོ་སེ་སི་ཁུའུ་ཡིས་སྤྱི་ཟླ6པའི་ཚེས18ཉིན་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་ཀྲུང་དབྱང་གསང་འཕྲིན་ཅུའུ་ཡི་དཔོན་པོ་པུའུ་ལོན་ནན་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། རོ་མཱ་ནི་ཡཱའི་ཆབ་སྲིད་དམིགས་འབེན་གཙོ་བོ་ནི་ཨ་མེ་རི་ཁའི་བར་གྱི་འབྲེལ་བ་སྔར་ལས་ལྷག་པའི་སྒོ་ནས་སྲ་བརྟན་དུ་གཏོང་རྒྱུ་དེ་ཡིན་ཟེར།

པའོ་སེ་སི་ཁུའུ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་པུའུ་ལོན་ནན་ལ་ཐུག་འཕྲད་བྱེད་སྐབས་ད་རུང་བསྟན་དོན། རོ་མཱ་ནི་ཡཱ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་ཁི་སོ་བོ་སོགས་གནད་དོན་ཐད་ཀྱི་ལྟ་ཚུལ་གཅིག་མཚུངས་མིན་ཡང་། རོ་མཱ་ནི་ཡཱ་རྒྱལ་ཁབ་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཨ་མེ་རི་ཁའི་བར་གྱི་འབྲེལ་བ་སྲ་བརྟན་དུ་གཏོང་བའི་ཆོད་སེམས་ལ་འགྱུར་བ་འབྱུང་མི་སྲིད་ཟེར།

པུའུ་ལོན་ནན་གྱིས་གྲོས་མོལ་བྱེད་སྐབས་ཨ་མེ་རི་ཁ་དང་རོ་མཱ་ནི་ཡཱའི་གསང་འཕྲིན་སྡེ་ཁག་གི་མཉམ་ལས་ལ་གདེང་འཇོག་མཐོན་པོ་བྱས་པ་དང་། རོ་མཱ་ནི་ཡཱའི་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་ཉེན་ཁ་ཐག་གཅོད་པ་སོགས་ཀྱི་ཐད་ནས་ཨ་མེ་རི་ཁའི་ཕྱོགས་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས།

རོ་མཱ་ནི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་ཀྲུང་ཏུང་གནས་བབ་དང་། ཨ་ཧྥུའུ་ཧན་གྱི་བདེ་འཇགས་གནས་ཚུལ་སོགས་རྒྱལ་ཁབ་གཉིས་ཀྱིས་དོ་སྣང་བྱེད་པའི་གནད་དོན་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས། དེ་ལས་གཞན་ཕྱོགས་གཉིས་ཀྱིས་ད་རུང་རོ་མཱ་ནི་ཡཱ་དང་ཨ་མེ་རི་ཁའི་འཕུར་མདའི་འགོག་སྲུང་མ་ལག་བཀོད་སྒྲིག་བྱས་ཏེ་བདེ་འཇགས་ཀྱི་རིམ་པ་ཇེ་མཐོར་གཏོང་བའི་གནད་དོན་ཐད་ནས་གྲོས་བསྡུར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག