མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥུའུ་ཧན་གྱི་དམག་དཔུང་གིས་དམག་དོན་འགུལ་སྐྱོད་ཀྱི་བཀོད་འདོམ་དབང་ཆ་འཛིན་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-19 11:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཁཱ་ཨར་ཀྲ་དབྱེ་ཡིས་སྤྱི་ཟླ6པའི་ཚེས18ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གིས་ཚེས19ཉིན་ཨ་ཧྥུའུ་ཧན་མངའ་ཁོངས་ཀྱི་རིགས་སྣ་ཚོགས་ཀྱི་དམག་དོན་འགུལ་སྐྱོད་ཀྱི་བཀོད་འདོམ་དབང་ཆ་འཛིན་རྒྱུ་ཡིན་ཟེར།

ཁཱ་ཨར་ཀྲ་དབྱེ་ཡིས་ཉིན་དེར་བསྡུས་པའི་འགོག་སྲུང་དབང་ཆ་བརྒྱུད་སྤྲོད་བྱེད་པའི་མཛད་སྒོའི་སྟེང་ཁྱབ་བསྒྲགས་བྱས་དོན། ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་དང་བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་དག་འཐབ་ཕྱོགས་དང་པོའི་བཀོད་འདོམ་ལས་གནས་ལས་ཕྱིར་བུད་དེ་ལས་འགན་གཞན་པར་ཁག་ཁུར་བྱེད་རྒྱུ་ཡིན་ཟེར། ཁོས་བསྟན་དོན། ཨ་ཧྥུའུ་ཧན་གྱི་བདེ་འཇགས་འགོག་སྲུང་བརྒྱུད་སྤྲོད་བྱེད་པའི་བྱ་བ་དེ་མ་འོངས་པའི་ཟླ་ངོ་གསུམ་གྱི་ནང་ཡོངས་འགྲུབ་བྱེད་རྒྱུ་ཡིན་ཟེར།

ཁཱ་ཨར་ཀྲ་དབྱེ་ཡིས་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་མཐོ་རིམ་ཞི་བའི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧ་རུ་སོང་ནས། ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་གྱི་ཁོངས་མིར་གྲོས་མོལ་བྱེད་རྒྱུ་ཡིན་ལ། ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཐཱ་ལེ་པན་གྱིས་ཉིན་དེར་ཏའོ་ཧ་ནས་ཞི་བའི་གྲོས་མོལ་གཞུང་སྒྲུབ་ཁང་བཙུགས་ཟེར།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་གྱིས་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་དམག་དཔུང་གི་འཐབ་འཛིང་ནུས་པ་རིམ་བཞིན་ཇེ་ཆེར་སོང་བ་དང་། བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་གི་ཨ་ཧྥུའུ་ཧན་མངའ་ཁོངས་ཀྱི་འཐབ་འཛིང་ལས་འགན་དེ2014ལོའི་རྗེས་སུ་ཡོངས་སུ་མཇུག་སྒྲིལ་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག