མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སིས་སྐབས་བཞི་པའི་རྒྱལ་སྤྱིའི་མ་རྩའི་གྲོས་ཚོགས་སྐོང་འཚོགས་བྱེད་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-19 11:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ལི་ཟུར་པ་ལ་ཧྥ་ལན་གྱིས་ཀྲུའུ་ཞི་གནང་བའི་རྒྱང་ལྟ་དང་གསར་གཏོད་ཀྱི་ཐེབས་རྩ་ལྷན་ཚོགས་ཀྱིས་སྤྱི་ཟླ6པའི་ཚེས17ཉིན་ཕ་རི་སིར་སྐབས་བཞི་པའི་རྒྱལ་སྤྱིའི་མ་རྩའི་གྲོས་ཚོགས་སྤྱི་ཟླ6པའི་ཚེས24ཉིན་ནས25ཉིན་བར་ཕ་རི་སིར་འཚོག་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

ལ་ཧྥ་ལན་གྱིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་གནང་བར། རྒྱལ་སྤྱིའི་མ་རྩའི་གྲོས་ཚོགས་སྤྱི་ལོ2008ལོའི་ཚུན་དུ་ལེགས་སྒྲུབ་ལྡན་པའི་སྒོ་ནས་སྐབས་གསུམ་གཉེར་ཡོད། མིག་སྔར་ཀྲུང་གོ་དང་ཡོ་རོབ་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བར་མ་གཞི་རྙོག་འཛིང་ཆེ་བའི་དུས་བབ་འཕྲད་ཡོད་རུང་ཕྱོགས་གཉིས་པོའི་ཁེ་ལས་མཁས་པའི་བར་ངོ་ཐུག་ནས་སྤེལ་རེས་བྱས་པ་དེས་ཕན་ཚུན་ཤེས་རྟོགས་དང་མཉམ་ལས་བྱ་རྒྱུར་ཕན་ཐོགས་ཡོད་ཅེས་དང་། ཁོང་གིས་ད་ཐེངས་ཀྱི་གྲོས་ཚོགས་བརྒྱུད་ཕྱོགས་གཉིས་པོའི་ཁེ་ལས་མཁས་པར་གཉིས་ཕན་གཉིས་རྒྱལ་དང་། ཐུན་མོང་གོང་འཕེལ་གྱི་སྟེགས་བུ་ཞིག་ཡག་པོ་ཞིག་མཁོ་འདོན་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག