མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ལེ་པཱ་ནུན་གྱི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་དོན་ཞིག་ཡིན་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-14 10:23

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་མཐུན་སྦྱོར་པ་ཕུའུ་ལཱ་མུའུ་པུའུ་ལེ་ཡིས་ཚེས13ཉིན་པེ་རུ་ཐི་ནས་ནན་གྱིས་བསྟན་དོན། ལེ་པཱ་ནུན་གྱི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་དོན་ཞིག་ཡིན་ཟེར།

ཕུའུ་ལཱ་མུའུ་པུའུ་ལེ་ཡིསི་ཉིན་དེར་ལེ་པཱ་ནུན་གྱི་འགན་ཁུར་བར་སྒུག་པའི་ཙུང་ལི་སཱ་ལཱ་མུའུ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་སི་རི་ཡཱའི་ཉམས་ཉེན་ལས་ལེ་པཱ་ནུན་ལ་ཐེབས་པའི་ཤུགས་རྐྱེན་དང་ལེ་པཱ་ནུན་གྱི་གནས་བབ། དེ་མིན་ལེ་པཱ་ནུན་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཕུའུ་ལཱ་མུའུ་པུའུ་ལེ་ཡིས་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ལ་མཚོན་ན་ཐོག་མར་བསྒྲུབ་དགོས་པའི་དོན་ནི་ལེ་པཱ་ནུན་ལ་རོགས་རམ་བྱས་ཏེ་ཉེན་ཁ་འབྱུང་བར་སྔོན་འགོག་བྱས་ནས་ལེ་པཱ་ནུན་གྱི་བདེ་འཇགས་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཞོར་དུ་ལེ་པཱ་ནུན་གྱིས་ཕན་ནུས་ལྡན་པའི་སྲིད་གཞུང་རྩ་འཛུགས་བྱེད་པར་རོགས་རམ་བྱེད་རྒྱུ་དེ་ཡིན་ཟེར། ཁོས་ལེ་པཱ་ནུན་གྱི་ཕྱོགས་ཁག་སོ་སོས་ནན་ཏན་གྱིས་སཱ་ལཱ་མུའུ་དང་མཉམ་ལས་བྱས་ཏེ་གང་མགྱོགས་སྒོས་སྲིད་གཞུང་གསར་བ་འཛུགས་པར་སྟབས་བདེ་བཟོ་དགོས་པའི་འབོད་སྐུལ་བཏང་།

ཕུའུ་ལཱ་མུའུ་པུའུ་ལེ་ཡིས་ལེ་པཱ་ནུན་མཐའ་མཚམས་ཀྱི་ས་ཁུལ་རེ་འགའ་དང་ཁྱད་པར་དུ་པེ་ཁཱ་གྲོག་རོང་དུ་རྒྱུན་པར་འབྱུང་བཞིན་པའི་འཇབ་རྒོལ་དོན་རྐྱེན་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན། ཁོས་བསྟན་དོན། ལེ་པཱ་ནུན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་དགོས་ཟེར། ཁོས་བལྟས་ན་དོན་རྐྱེན་དེ་དག་ལས་གང་མགྱོགས་སྒོས་ལེ་པཱ་ནུན་ནས་འགྲན་རྩོད་སྣ་ཚོགས་ཐག་གཅོད་ཐུབ་པའི་སྲིད་གཞུང་གསར་བ་ཞིག་འཛུགས་དགོས་པ་ཡང་བསྐྱར་ར་སྤྲོད་བྱུང་ཡོད་པར་འདོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག