མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐེ་གོའི་སྲིད་གཞུང་དང་ཐེ་གོའི་ཁ་བྲལ་རྩ་འཛུགས་ཀྱིས་སྐོར་ཐེངས་གསར་བའི་གྲོས་མོལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-14 10:21

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐེ་གོའི་སྲིད་གཞུང་དང་ཐེ་གོའི་ཁ་བྲལ་རྩ་འཛུགས་རྒྱལ་ཡོངས་གསར་བརྗེའི་འཐབ་ཕྱོགས་ཀྱིས་ཚེས13ཉིན་མཱ་ལེ་ཞི་ཡཱའི་རྒྱལ་ས་ཅི་ལུང་ཕའོ་ནས་སྐོར་ཐེངས་གསར་བའི་གྲོས་མོལ་བྱས། ཐེ་གོའི་དཔོན་རིགས་ཀྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་རྩ་བའི་སྟེང་ནས་མི་འགྱངས་པར་ཐོན་ལ་ཉེ་བའི་སྨྱུང་གནས་སྲུང་བའི་སྐབས་སུ་དྲག་ཤུགས་དོན་རྐྱེན་ཇེ་ཉུང་དུ་གཏོང་བར་འཐད་པ་བྱུང་ཡོད་ཟེར།

མཱ་ལེ་ཞི་ཡཱ་རྒྱལ་ཁབ་ཀྱིས་བར་འདུམ་བྱས་འོག ཐེ་གོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཕཱ་ལཱ་ཐུང་གཙོ་བྱས་པའི་སྲིད་གཞུང་གི་འཐུབ་ཚབ་ཚོགས་པ་དང་རྒྱལ་ཡོངས་གསར་བརྗེའི་འཐབ་ཕྱོགས་ཀྱི་ཁོངས་མིས་གསང་བའི་གྲོས་མོལ་བྱས། ཐེ་གོའི་རྒྱལ་སྲུང་པུའུ་ཡི་རྒྱུན་ལས་དྲུང་ཡིག་གཞོན་པ་ནེ་ཕཱ་ཐི་ཡིས་གྲོས་མོལ་བྱས་རྗེས་གསར་འགོད་པར་བཤད་རྒྱུར། རྒྱལ་ཡོངས་གསར་བརྗེའི་འཐབ་ཕྱོགས་ཀྱིས་གང་མགྱོགས་སྒོས་སྲིད་གཞུང་གིས་ཇི་ལྟར་བྱེད་ཐབས་སྤྱད་དེ་དྲག་ཤུགས་དོན་རྐྱེན་ཇེ་ཉུང་དུ་གཏོང་བའི་ཐབས་ལམ་སྟོན་དགོས་ཟེར།

ནེ་ཕཱ་ཁི་ཡིས་བཤད་རྒྱུར། ཐེ་གོའི་སྲིད་གཞུང་གིས་རྒྱལ་ཡོངས་གསར་བརྗེའི་འཐབ་ཕྱོགས་ཀྱིས་སྔོན་ཆད་བཏོན་པའི་རེ་བ་ལྔ་ལ་དག་འབུད་བྱེད་དགོས་པ་དང་། སྲིད་གཞུང་གིས་དེའི་རྗེས་སུ་ལན་སྟེར་དགོས་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག