མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅེ་ཁི་སྲིད་གཞུང་གི་མཐོ་རིམ་དཔོན་པོ་མང་བོ་འཛིན་བཟུང་བྱས་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-06-14 10:21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅེ་ཁིའི་ཉེན་རྟོག་ཕྱོགས་ཀྱིས་ཚེས12ཉིན་གྱི་དགོང་མོ་དང་ཚེས13ཉིན་ཙུང་ལིའི་གཞུང་སྒྲུབ་ཁང་དང་། རྒྱལ་སྲུང་པུའུ། པུའུ་ལཱ་ཀི་གྲོང་ཁྱེར་སྲིད་གཞུང་། མི་སྒེར་གྱི་སྡོད་གནས་རེ་འགར་གཞི་རྒྱ་ཆེ་བའི་སྒོ་ནས་གློ་བུར་དུ་སྔོག་བཤེར་བྱས་པ་དང་། སྲིད་གཞུང་གི་མཐོ་རིམ་དཔོན་པོ་འགའ་འཛིན་བཟུང་བྱས་ཏེ། ཅེ་ཁིའི་སྲིད་གཞུང་ཉམས་ཉེན་གྱི་གནས་སུ་ལྷུང་བར་བྱས།

ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཅེ་ཁིའི་ཞིང་ལས་པུའུ་ཀྲང་ཧྥུའུ་ཁི་སཱ་དང་ནེ་ཀིའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ནཱ་ཀི་ཡོ་ཝ། དམག་དོན་གསང་འཕྲིན་ཅུའུ་ཡི་ཅུའུ་ཀྲང་ཁའོ་བང་ཏཱ། དེ་མིན་རྒྱལ་ཁབ་རྒྱུ་ནོར་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཕཱ་ལེ་ནེ་ཁི་སོགས་མི་བརྒྱད་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས། གསར་འགྱུར་ལས་རིགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན་ཁོ་ཚོ་དབང་ཆ་གང་འདོད་དུ་བཀོལ་བ་དང་ནག་དངུལ་དཀར་བསྒྱུར། སྤྱི་པའི་བསྡུ་ཉོར་ཚོད་འཛིན། ལྐོག་རྔན་ལེན་པ་སོགས་ནག་ཉེས་བྱ་འགུལ་ལ་འབྲེལ་བ་ཡོད་པར་འདོད། དེ་ནི་ཅེ་ཁིའི་རྩ་འཛུགས་ཡོད་པའི་ནག་ཉེས་ལ་ཆམ་ཕབ་གཏོང་བའི་ལས་ཁུངས་ཀྱིས་སྤེལ་བའི་ཅེ་ཁིའི་ལོ་རྒྱུས་སྟེང་གཞི་རྒྱ་ཆེས་ཆེ་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཐེངས་ཤིག་རེད།

ཅེ་ཁིའི་རྩ་འཛུགས་ཡོད་པའི་ནག་ཉེས་ལ་ཆམ་ཕབ་གཏོང་བའི་ལས་ཁུངས་ཀྱི་མགྲིན་ཚབ་པས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་ཙུང་ལིའི་གཞུང་སྒྲུབ་ཁང་དང་། རྒྱལ་སྲུང་པུའུ་ལ་སྔོག་བཤེར་བྱས་ཏེ་མི་འགའ་འཛིན་བཟུང་བྱས་པའི་གནས་ཚུལ་བདེན་དཔང་བྱས་ཀྱང་། གནས་ཚུལ་ཞིབ་ཏུ་གསལ་བཤད་བྱས་མེད།

ཅེ་ཁིའི་ཙུང་ལི་ནེ་ཆཱ་སི་ཡིས་ཚེས་བཅུ་གསུམ་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཉེན་རྟོག་ཕྱོགས་ཀྱིས་ཐེངས་འདིའི་འགུལ་སྐྱོད་ལ་མྱུར་དུ་འགྲེལ་བཤད་གསལ་བོ་བྱེད་དགོས་པའི་རེ་བ་བཏོན།

ངོ་རྒོལ་ཏང་སྤྱི་ཚོགས་དམངས་གཙོའི་ཏང་གིས་ནེ་ཆཱ་སི་ཡིས་ལས་འཁུར་དགོངས་ཞུ་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། སྔ་སྣུར་སྒོས་འདེམ་བསྐོའི་བྱ་འགུལ་སྤེལ་དགོས་པའི་གྲོས་གཞི་བཏོན། ནེ་ཆཱ་སི་ཡིས་ཁོས་ལས་འཁུར་དགོངས་ཞུ་བྱེད་རྩིས་མེད་པ་དང་། རྒྱུ་མཚན་ནི་ཁོ་དང་ཁོའི་ལས་གྲོགས་ཚོར་ནག་ཉེས་བྱ་སྤྱོད་གང་ཡང་མེད་པས་ཡིན་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག