མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁྲའོ་ཞན་གྱིས་པན་མིན་མགྲོན་ཁང་ནས་ཁ་པར་འབྲེལ་གཏུག་བྱེད་པར་ཁས་ལེན་མ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-13 11:35

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་དཔོན་རིགས་ཀྱིས་ཚེས12ཉིན་བདེན་དཔང་བྱས་དོན། ཧན་གོའི་ཕྱོགས་ཀྱིས་ཉིན་དེའི་སྔ་དྲོར་པན་མིན་མགྲོན་ཁང་གི་དམག་དོན་ཁ་པར་བརྒྱུད་དེ་ཁྲའོ་ཞན་ལ་འབྲེལ་གཏུག་བྱས་ཀྱང་། ཁྲའོ་ཞན་ཕྱོགས་ཀྱིས་ཁས་ལེན་མ་བྱས་ཟེར།

ཧན་གོའི་གཅིག་གྱུར་པུའུ་ཡིས་བདེན་དཔང་བྱས་དོན། ཧན་གོའི་ཕྱོགས་ཀྱིས་སྔ་དྲོའི་དུས་ཚོད་དགུའི་སྟེང་ཁ་པར་བཏང་ཡང་ཁྲའོ་ཞན་གྱིས་ཁ་པར་ལ་མ་ཉན་ཟེར།

དེ་ནི་ཧན་གོ་དང་ཁྲའོ་ཞན་སྲིད་གཞུང་བར་གྱི་གྲོས་མོལ་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་མེད་པར་བཏང་བ་ལ་འབྲེལ་བ་ཡོད་སྲིད་ཀྱང་། རྗེས་ཕྱོགས་ཀྱི་གནས་བབ་འཕེལ་ཕྱོགས་ལ་བསམ་བློ་གཏོང་དགོས་ཟེར། དམག་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་མཉམ་འབྲེལ་འཕྲིན་གཏོང་ཁང་གི་གསར་འགོད་པར་བཤད་རྒྱུར། མིག་སྔར་ད་རུང་ཁྲའོ་ཞན་གྱིས་དམག་དོན་ཁ་པར་བཅད་པར་བརྗོད་མི་རུང་ལ། ཧན་གོའི་ཕྱོགས་ཀྱིས་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར་ཡང་བསྐྱར་ཁ་པར་བཏང་ནས་འབྲེལ་གཏུག་བྱེད་ཐུབ་མིན་ལ་ཚོད་ལྟ་བྱེད་དགོས་ཟེར།

ཁྲའོ་ཞན་གྱིས་ད་ལོའི་ཟླ་གསུམ་པར་པན་མིན་མགྲོན་ཁང་གི་རྒྱ་གྲམ་དམར་པོ་ཚོགས་པའི་འབྲེལ་གཏུག་ཐབས་ལམ་དང་ཁྲའོ་ཞན་དང་ཧན་གོའི་དམག་དོན་ཁ་པར་བཅད་དེ་ཧན་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་ངོ་རྒོལ་བྱས། ཟླ་འདིའི་ཚེས་བདུན་ཉིན་ཁྲའོ་ཞན་གྱིས་ཡང་བསྐྱར་པན་མིན་མགྲོན་ཁང་གི་འབྲེལ་གཏུག་ཐབས་ལམ་སླར་གསོ་བྱས།

རྒྱུན་སྲོལ་ལྟར་ན་ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་ཉིན་རེར་པན་མིན་མགྲོན་ཁང་གི་ཁ་པར་བརྒྱུད་དེ་འབྲེལ་གཏུག་ཐེངས་གཉིས་བྱེད་པ་ཡིན་ཞིང་། སྔ་དྲོའི་དུས་ཚོད་དགུའི་སྟེང་ཕན་ཚུན་ཁ་པར་བཏང་སྟེ་བྱ་བ་མགོ་བརྩམས་པ་ཁྱབ་སྒྲོག་བྱེད་པ་དང་། ཕྱི་དྲོའི་དུས་ཚོད་བཅུའི་སྟེང་བྱ་བ་མཇུག་སྒྲིལ་བ་ཁྱབ་སྒྲོག་བྱེད་པ་ཡིན། གལ་ཏེ་གནད་དོན་གལ་ཆེན་བྱུང་ན། ཕྱོགས་གཉིས་ཀྱིས་དུས་ངེས་མེད་དུ་པན་མིན་མགྲོན་ཁང་གི་ཁ་པར་བརྒྱུད་དེ་འབྲེལ་གཏུག་བྱེད་པ་ཡིན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག