མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་འཇིགས་སྐུལ་ངོ་རྒོལ་བྱེད་པའི་དམག་དོན་སྦྱོང་བརྡར་ཚེས13ཉིན་ནས་ཧཱ་སག་སི་ཐན་ནས་སྤེལ་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-13 11:34

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁཱ་ཚི་ཀུའུ་ཨར་ཐི2013ལོའི་མཉམ་འབྲེལ་གྱིས་འཇིགས་སྐུལ་ངོ་རྒོལ་བྱེད་པའི་དམག་དོན་སྦྱོང་བརྡར་ཚེས་བཅུ་གསུམ་ཉིན་ཧཱ་སག་སི་ཐན་གྱི་ཧཱ་སག་ཀྲིག་ལྷོ་མར་སྤེལ་རྒྱུ་རེད།

ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཧཱ་སག་སི་ཐན་རྒྱལ་ཁབ་ཀྱིས་གཙོ་བསྒྲུབ་བྱས་པ་ཡིན་ཞིང་། ཅིར་ཅི་སི་སི་ཐན་དང་ཐཱ་ཅི་ཁི་སི་ཐན་གྱིས་རོགས་བསྒྲུབ་བྱས་པ་རེད། དེ་མིན་ཀྲུང་གོ་དང་ཨུ་རུ་སི། བུའུ་ཚི་པེ་ཁི་སི་ཐན་བཅས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གཞན་པ་གསུམ་གྱི་འཐུས་མིས་དམག་དོན་སྦྱོང་བརྡར་ལ་ལྟ་སྦྱོང་བྱེད་རྒྱུ་རེད།

དམག་དོན་སྦྱོང་བརྡར་བྱ་འགུལ་དེ་ལས་གཙོ་བོ་མི་མང་བོ་འདུས་སར་འཇིགས་སྐུལ་ཉེས་ཅན་ཚོགས་ཁག་ཕམ་པར་གཏོང་བ་དང་། འཇིགས་སྐུལ་བྱ་སྤྱོད་ལ་བཀག་འགོག་བྱེད་པ། མི་གཏའ་སྐྱོབ་པ་སོགས་སྦྱོང་བརྡར་བྱེད་རྒྱུ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག