མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་གྱིས་དུས་ཡུན་རིང་བོར་རྒྱལ་སྤྱིའི་རྒྱ་མཚོའི་བཅའ་ཁྲིམས་ཁྲིམས་ཁང་བདག་བཟུང་བྱེད་རྩིས་ཡོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-13 11:34

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་གྲོས་ཚོགས་སྐབས་ཉེར་གསུམ་པ་ཚེས10ཉིན་ཉིག་ཡོ་གྲོང་ཁྱེར་ནས་བསྡུས། འཇར་པན་ཕྱི་འབྲེལ་པུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། གྲོས་ཚོགས་ལ་ཞུགས་པའི་འཇར་པན་ཕྱོགས་ཀྱི་འཐུས་ཚབ་ཚོགས་པས་བསྟན་དོན། འཇར་པན་ཕྱོགས་ཀྱིས་ད་ལྟའི་རྒྱལ་སྤྱིའི་རྒྱ་མཚོའི་བཅའ་ཁྲིམས་ཁྲིམས་ཁང་གི་དཔོན་པོ་ལིག་ཅིན་ཅོན་ཨར་གྱིས་སང་ལོའི་ལོ་དཀྱིལ་དུ་སྤེལ་རྒྱུ་ཡིན་པའི་ལོ་ཚོགས་སྐབས་ཉེར་བཞི་བའི་ཁྲོད་བསྟུད་མར་འགན་ཁུར་བར་བརྩོན་ལེན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། དེ་མིན་འཇར་པན་ཕྱོགས་ཀྱིས་སྐམ་སའི་འབྲེལ་མཐུད་ཨུ་ཡོན་ལྷན་ཁང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་གཏོགས་པའི་ཡིད་རྟོན་ཐེབས་རྩ་ལ་ཨ་མེ་རི་ཁའི་སྒོར་མོ་འབུམ་གསུམ་དང་ཁྲི་ལྔ་ཙམ་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག