མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧི་ལན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་འཛམ་གླིང་ཡོངས་ཀྱི་རང་དབང་ཉོ་ཚོང་ལ་ཡར་སྐུལ་བྱེད་རྒྱུའི་ཚུལ་བསྟན་པ།

    2013-06-12 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཏིས་མའོ་མན་སི་ཡིས་སྤྱི་ཟླ6པའི་ཚེས10ཉིན་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཧི་ལན་གྱིས་རང་དབང་ཉོ་ཚོང་གི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པར་རེ་བ་བཅངས་ཡོད་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་གཉིས་ཀྱིས་བྱེད་ཐབས་འོས་འཚམ་ཞིག་བཙལ་ཏེ་ཉི་འོད་ནུས་པའི་ཐོན་རྫས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ཟེར།

ཏིས་མའོ་མན་སི་ཡིས་ཉིན་དེར་བསྡུས་པའི་ཕྱི་རྒྱལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཞིག་གི་སྟེང་གོང་གི་བསམ་ཚུལ་དེ་བསྟན་པ་རེད། ངས་བལྟས་ན་རྒྱལ་སྤྱིའི་ཉོ་ཚོང་ཁྲོད་སྒྲིག་སྲོལ་བསྒྱུར་ཐུབ་པ་ནི་ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁའི་བར་གྱི་རང་དབང་ཉོ་ཚོང་གྲོས་ཆོད་ཡིན་པ་དང་། དེས་རང་དབང་ཉོ་ཚོང་གི་འཕེལ་རྒྱས་ལ་ཡར་སྐུལ་གྱི་ནུས་པ་ཐོན་སྲིད་ལ། ང་ཚོ་ཚང་མར་མཁོ་གལ་ཆེ་ཟེར། ཧི་ལན་སྲིད་གཞུང་གིས་འཇར་མན་སྲིད་གཞུང་དང་འདྲ་བར་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་བར་ཉི་འོད་ནུས་པའི་ཐོན་རྫས་ཐད་ནས་འགལ་བ་འབྱུང་མི་རུང་བར་བསམ་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག