མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིར་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོས་ཨ་མེ་རི་ཁ་དང་ཨུ་རུ་སིའི་ཙུང་ཐུང་གིས་རྒྱལ་ཁབ་བརྒྱད་ཀྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སྟེང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-12 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིར་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་པ་མེད་ཁི་ཧྥུའུ་ཨར་གྱིས་བསྟན་དོན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་རྒྱལ་ཁབ་བརྒྱད་ཀྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ཀྱི་ཁྱབ་ཁོངས་འོག་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་དང་མཉམ་དུ་ཕྱོགས་གཉིས་ཀྱི་གསང་འཕྲིན་སྡེ་ཁག་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཁྱབ་ཁོངས་ཀྱི་མཉམ་ལས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཟླ6པའི་ཚེས17ཉིན་ས་ཚེས18ཉིན་བར་རྒྱལ་ཁབ་བརྒྱད་ཀྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་དབྱིན་ཇིའི་ཨིར་ལན་བྱང་མ་ནས་ཚོགས་རྒྱུ་རེད།

མེད་ཁི་ཧྥུའུ་ཨར་གྱིས་བསྟན་དོན། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་བདེ་འཇགས་ཅུའུ་དང་ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་རྟོག་ཞིབ་ཅུའུ་ཡི་བྱ་བ་དེ་ཉེ་སྔོན་དགོས་ངེས་ཀྱི་ཆུ་ཚད་དུ་བསླེབ་དགོས་ཟེར། ཁོས་ད་རུང་བསྟན་དོན། ཨ་མེ་རི་ཁའི་པའོ་སི་ཏོན་གྱི་འགས་གཏོར་དོན་རྐྱེན་དེ་ནི་ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་སྟེང་གྲོས་བསྡུར་བྱེད་དགོས་པའི་གྲོས་གཞི་དང་པོ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག