མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོ་དང་ཁྲའོ་ཞན་སྲིད་གཞུང་བར་གྱི་གྲོས་མོལ་ལ་ཞུགས་པའི་མི་སྣའི་མིང་ཐོ་ཁྱབ་སྒྲོག་བྱས་མེད་ཀྱང་གྲོས་མོལ་བྱེད་ས་གཏན་འཁེལ་བྱས་ཡོད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-12 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས10ཡི་ཉིན་གྱི་དགོང་མོའི་བར། ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་གྲོས་མོལ་ལ་ཞུགས་པའི་མི་སྣའི་གོ་གནས་རིམ་པ་དང་ཐོབ་ཐང་ཁྱབ་སྒྲོག་བྱས་ཡོད་ཀྱང་། ཧན་གོའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། སྲིད་གཞུང་བར་གྱི་གྲོས་མོལ་གྱི་ས་གནས་གཏན་འཁེལ་བྱས་ཡོད་ཟེར།

བསྡོམས་པས་དུས་ཚོད10ལྷག་གི་གྲོས་མོལ་བྱས་རྗེས་ཧན་གོ་དང་ཁྲའོ་ཞན་གྱི་ཅུའུ་ཀྲང་རིམ་པའི་གྲོས་མོལ་ཚེས10ཉིན་གྱི་ཞོགས་པར་གྲོལ། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་གྲོས་ཚོགས་ཀྱི་དུས་ཚོད་དང་ཁྲའོ་ཞན་ཕྱོགས་ཀྱི་འཐུས་མི་ཧན་གོར་འགྲོ་འོང་བྱེད་པའི་རྣམ་པ་གཏན་འཁེལ་བྱས། ཚེས་བཅུ་ཉིན་གྱི་དགོང་མོའི་བར། གྲོས་མོལ་ལ་ཞུགས་པའི་ཕྱོགས་གཉིས་ཀྱི་འཐུས་ཚབ་ཚོགས་པའི་ཁོངས་མིར་གཅིག་གྱུར་འཐད་པ་བྱུང་མེད། ཧན་གོའི་ཕྱོགས་ཀྱིས་ནམ་རྒྱུན་ཧན་གོའི་གཅིག་གྱུར་པུའུ་ཡི་དཔོན་པོ་ལིག་ཅི་དང་ཁྲའོ་ཞན་གཅིག་གྱུར་འཐབ་ཕྱོགས་པུའུ་ཡི་དཔོན་པོ་ཅིན་ཡང་ཅན་གཉིས་ཀྱིས་ཐད་ཀར་གྲོས་མོལ་བྱེད་པར་རེ་བ་བཅངས་ཡོད་ཀྱང་། ཁྲའོ་ཞན་ཕྱོགས་ཀྱིས་དེར་ལན་གསལ་བོ་ཞིག་བྱིན་མེད། ཚེས10ཉིན། ཧན་གོའི་སྲིད་གཞུང་གི་འབྲེལ་མི་སྣས་བཤད་རྒྱུར། ཧན་གོའི་ཕྱོགས་ཀྱིས་ཁྲའོ་ཞན་གྱིས་འཐུབ་ཚབ་མི་སྣ་ཁྱབ་སྒྲོག་བྱེད་པར་སྒུག་ཡོད་པ་དང་། ཁྲའོ་ཞན་གྱི་འཐུས་ཚབ་ཚོགས་པའི་མི་སྣར་གཞིགས་ཏེ་གྲོས་མོལ་ཞུགས་པའི་ཧན་གོའི་མི་སྣ་གཏན་འཁེལ་བྱེད་པར་བསམ་བློ་གཏོང་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག