མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཅིན་གྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ་རིགས་རྒྱུད་རིང་ལུགས་ཀྱི་ནག་ཉེས་ཚོགས་ཁག་གི་བྱ་འགུལ་ལ་བཀག་འགོག་བྱེད་དགོས་པའི་རེ་བ་བཏོན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-12 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་རྒྱལ་སྲུང་དང་ཁྲིམས་སྲུང་། ཕྱི་ཕྱོགས་སྲིད་ཇུས་གནད་དོན་གྱི་གྲོས་ཚོགས་སྟེང་བསྟན་དོན། ཁྲིམས་སྲུང་ལས་ཁུངས་དང་གསང་མྱུལ་སྡེ་ཁག་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་རིགས་རྒྱུད་རིང་ལུགས་ཀྱི་ནག་ཉེས་ཚོགས་ཁག་གི་བྱ་འགུལ་ལ་བཀག་འགོག་བྱེད་དགོས་ཟེར།

ཁོས་བཤད་རྒྱུར། ཁྲིམས་སྲུང་ལས་ཁུངས་ཀྱི་ལས་འགན་གཙོ་བོའི་ཁྲོད་ངས་སྤྱི་བའི་བདེ་འཇགས་གནད་དོན་ནན་བཤད་བྱེད། ཐོག་མ་ནི་མི་རིགས་དང་ཆོས་ལུགས་ཐལ་སྤྱོད་རིང་ལུགས་ལ་ཆམ་ཕབ་གཏོང་རྒྱུ་དེ་ཡིན། བྱེད་ཐབས་ནུས་ལྡན་སྤྱད་དེ་རིགས་རྒྱུད་རིང་ལུགས་ཀྱི་རྩ་དོན་ལྟར་བཙུགས་པའི་རྩ་འཛུགས་ཡོད་པའི་ནག་ཉེས་ཚོགས་ཁག་གི་བྱ་འགུལ་ལ་བཀག་འགོག་བྱེད་དགོས། དེ་ནི་ནང་སྲིད་པུའུ་ཡི་ལས་འགན་ཞིག་ཡིན་པར་མ་ཟད་ཁྲིམས་སྲུང་ལས་ཁུངས་དང་གསང་མྱུལ་སྡེ་ཁག་གི་ལས་འགན་ཞིག་ཀྱང་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག