མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་རྒྱལ་ཁབ་ཀྱིས་གསང་འཕྲིན་ལས་ཁུངས་ཀྱི་བྱ་བའི་ལྟ་རྟོག་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-12 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་སྤྱི་ཟླ6པའི་ཚེས10ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཧྥ་རན་སི་རྒྱལ་ཁབ་ཀྱིས་ཆེད་དོན་ལས་ཁུངས་བཙུགས་ཏེ་གསང་འཕྲིན་ལས་ཁུངས་ཀྱི་བྱ་བར་ལྟ་རྟོག་བྱས་ནས། སྲིད་གཞུང་གིས་གསང་འཕྲིན་སྲིད་ཇུས་དང་། གསང་འཕྲིན་ལས་ཁུངས་ཀྱི་ལྟ་རྟོག དཔྱད་འཇོག་བཅས་ལ་ཤུགས་སྣོན་རྒྱུ་ཁྱབ་སྒྲོག་བྱས།

སྤྱི་སྒྲོག་ལས་བཤད་རྒྱུར། ཧྥ་རན་སིའི་གྲོས་ཁང་གིས་གསང་འཕྲིན་ལས་ཁུངས་ཀྱི་ལྟ་རྟོག་ལ་ཤུགས་སྣོན་བྱས་ཏེ། གྲོས་ཁང་གསང་འཕྲིན་སྡེ་ཁག་གི་འགན་དབང་ཇེ་ཆེར་གཏོང་རྒྱུ་ཡིན་པ་དང་། ཞོར་དུ་རྒྱལ་ཁབ་ཀྱིས་གསང་འཕྲིན་ལས་ཁུངས་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་དེང་རབས་ཅན་ལ་བསམ་བློ་བཏང་སྟེ། འབྲེལ་ཡོད་མི་སྣ་རང་གིས་ཁུར་བའི་ལས་འགན་ལ་གོམས་པར་བྱེད་རྒྱུ་རེད། རྒྱལ་ཁབ་གསང་འཕྲིན་མཐུན་སྦྱོར་པས་གསང་འཕྲིན་གྱི་རྒྱལ་ཁབ་འཐབ་ཇུས་ཤིག་བཏོན་ནས་དེའི་ནང་དོན་མང་ཤོས་ཡོངས་བསྒྲགས་བྱེད་རྒྱུ་ཡིན་ཟེར།

ཧྥ་རན་སིའི་གསང་འཕྲིན་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་ད་རུང2009ལོའི་ཟླ12པར་བཙུགས་པའི་ཚུན་གྱི་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་དང་། ཙུང་ཐུང་ཨོ་ལིང་ཏི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། གྲོས་ཚོགས་ནས་ཟླ་བཞི་བཅི་ཟླ་ཚེས་ཉེར་དགུའི་ཉིན་ཁྱབ་སྒྲོག་བྱས་པའི་རྒྱལ་སྲུང་དང་རྒྱལ་ཁབ་བདེ་འཇགས་ཀྱི་རྒྱབ་ཤ་དཀར་པོའི་དཔེ་ཆ་བཞི་བ་ལས་བཏོན་པའི་གྲོས་གཞི་དང་བྱེད་ཐབས་རེ་འགར་གྲོས་ཞིབ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག