མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཐའོ་ཡཱའི་ཙུང་ཐུང་གིས་མང་ཚོགས་ཀྱིས་ལྷག་བསམ་རྣམ་དག་གིས་མཐུན་སྒྲིལ་བྱས་ཏེ་མཉམ་དུ་དུས་བབ་ཀྱི་དཀའ་ཁག་སེལ་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-12 10:54

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕུའུ་ཐའོ་ཡཱའི་ཙུང་ཐུང་ཞེ་ཨར་ཝ་ཡིས་སྤྱི་ཟླ6པའི་ཚེས10ཉིན་རྒྱལ་ཁབ་དེའི་རྒྱལ་སྟོན་ཉིན་མོའི་བྱ་འགུལ་སྟེང་བསྟན་དོན། མི་དམངས་ཀྱིས་རྒྱལ་ཁབ་ལ་ཡིད་ཆེས་བྱས་ཤིང་། ལྷག་བསམ་རྣམ་དག་གིས་མཐུན་སྒྲིལ་བྱས་ཏེ་མཉམ་དུ་དུས་བབ་ཀྱི་དཀའ་ཁག་སེལ་དགོས་པའི་རེ་བ་བཏོན།

ཞེ་ཨར་ཝ་ཡིས་ཉིན་དེར་ཕུའུ་ཐའོ་ཡཱ་ཤར་ཕྱོགས་ཀྱི་ཨེར་ཝ་ཧྲི་གྲོང་ཁྱེར་ནས་རྒྱལ་སྟོན་ཉིན་མོའི་བྱ་འགུལ་ལ་ཞུགས་སྐབས་གཏམ་བཤད་སྤེལ་ཏེ། ཕུའུ་ཐའོ་ཡཱ་རྒྱལ་ཁབ་དེ་ཆོད་དོན་རང་བཞིན་གྱི་དུས་སྐབས་སུ་གནས་ཡོད་པས། ཕུའུ་ཐའོ་ཡཱའི་མི་དམངས་ཀྱིས་ཡིད་ཆེས་བརྟན་པོ་དང་། ལྷག་བསམ་རྣམ་དག་གིས་མཐུན་སྒྲིལ་བྱས་ཏེ་མཉམ་དུ་དུས་བབ་ཀྱི་དཀའ་ཁག་སེལ་དགོས་ཟེར། ཁོས་བཤད་རྒྱུར། ཕུའུ་ཐའོ་ཡཱའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ན། རྒྱལ་ཁབ་དཀའ་ཁག་ལ་འཕྲད་པའི་སྐབས་སུ་མི་དམངས་ཀྱིས་མཐུན་སྒྲིལ་བྱས་ཏེ་དཀའ་ཁག་ལས་རྣམ་པར་རྒྱལ་བའི་སྣང་ཚུལ་གང་མང་མཐོང་ཐུབ་ཟེར།

ཞེ་ཨར་ཝ་ཡིས་གཏམ་བཤད་སྤེལ་ཏེ་སྲིད་གཞུང་གིས་སྔར་ལས་ལྷག་པའི་སྒོ་ནས་ཞིང་ལས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་བྱས་ཤིང་། དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱས་ཏེ་ལས་ཤོར་གྱི་ཚད་ཇེ་དམའ་རུ་གཏོང་དགོས་པའི་རེ་བ་བཏོན། ཁོས་ད་རུང་ཕུའུ་ཐའོ་ཡཱའི་ཏང་ཁག་སོ་སོས་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་དགོས་པ་དང་། མ་འོངས་པའི་ལོ་འགའི་ནང་དང་ཁྱད་པར་དུ་རྒྱལ་སྤྱིའི་རོགས་སྐྱོར་མཇུག་སྒྲིལ་རྗེས་ཀྱི་ཕུའུ་ཐའོ་ཡཱའི་དཔལ་འབྱོར་འཕེལ་རྒྱས་ཐད་གྲ་སྒྲིག་བཟང་བོ་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག