མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་རྒྱལ་ཁབ་ཀྱིས་དམག་མི་མངག་གཏོང་བྱས་ཏེ་འཇར་མན་གྱིས་ཆུ་ལོག་གི་གནོད་པ་སེལ་བར་རོགས་རམ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-12 10:53

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་རྒྱལ་སྲུང་པུའུ་ཡིས་སྤྱི་ཟླ6པའི་ཚེས10ཉིན་སྤྱི་སྒྲོག་སྤེལ་ཏེ་ཁྱབ་སྒྲོག་བྱས་དོན། ཧྥ་རན་སིའི་དམག་མི60ལྷག་ཉེ་སྔོན་འཇར་མན་དུ་མངག་གཏོང་བྱས་ཏེ། འཇར་མན་གྱིས་ཆུ་ལོག་གི་གནོད་པ་སེལ་བར་རོགས་རམ་བྱེད་བཞིན་ཡོད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ཧྥ་རན་སིའི་དམག་མི་དེ་དག་དབྱེ་པེ་གཙང་བོའི་འགྲམ་བརྒྱུད་དུ་འབྱོར་བ་དང་། འཇར་མན་གྱི་སཱ་ཁི་སིན་ཀྲིག་དང་ཅེ་ཁེའི་འབྲེལ་མཚམས་ས་ཁུལ་དུ་ཆུ་ལོག་གི་གནོད་པ་སེལ་བར་རོགས་རམ་བྱེད་བཞིན་ཡོད། ཁོ་ཚོའི་དེང་སྐབས་ཀྱི་ལས་འགན་གཙོ་བོ་ནི་བྱེ་མའི་ཁུག་མ་སྐྱེལ་འདྲེན་བྱས་ཏེ་ཆུ་རགས་ཇེ་བརྟན་དུ་གཏོང་རྒྱུ་དེ་ཡིན་ཟེར།

ཧྥ་རན་སིའི་རྒྱལ་སྲུང་བློན་ཆེན་ལེ་ཏི་ལི་ཨང་གིས་སྤྱི་སྒྲོག་ནང་བསྟན་དོན། མིག་སྔར་འཇར་མན་དུ་ཆུ་ལོག་གི་འཇིགས་པ་ཆེན་པོ་བྱུང་ཡོད་པ་དང་། ཧྥ་རན་སི་རྒྱལ་ཁབ་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་ལ་རོགས་རམ་བྱེད་པར་གལ་འགངས་ཧ་ཅང་ཆེ། ཧྥ་རན་སིའི་དམག་མིའི་ལས་འགན་ནི་ཆུ་ལོག་གནོད་པ་ཐེབས་མཁན་ལ་རོགས་རམ་དང་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག