མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གི་ཙུང་ལིས་ས་ཁུལ་གྱི་དུས་བབ་བརྟན་པོ་མེད་པ་དེས་དབྱི་རག་གི་དྲག་ཤུགས་གདོང་ཐུག་སྡུག་ཏུ་ཕྱིན་ཡོད་ཅེས་བསྟན་པ།

    2013-06-11 10:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཙུང་ལི་མ་ལི་ཅིས་སྤྱི་ཟླ6པའི་ཚེས9ཉིན་དབྱི་རག་ཁུར་ཏེ་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཨེར་པི་ལར། དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་གཞན་དག་གི་དུས་བབ་བརྟན་པོ་མེད་པ་དེས་དབྱི་རག་གི་དྲག་ཤུགས་གདོང་ཐུག་སྡུག་ཏུ་ཕྱིན་ཡོད་ཅེས་བཤད་ཡོད་པ་མ་ཟད་དབྱི་རག་གི་ཤོག་ཁག་ཁག་གིས་གང་སྔ་མཐུན་སྦྱོར་བྱེད་དགོས་པའི་སྐུལ་འདེད་བཏང་ཡོད་པ་རེད།

མ་ལི་ཅིས། རྟེན་གཞིའི་སྒྲིག་འཛུགས་དང་རྒྱལ་སྐྱོབ་འཐབ་ཕྱོགས་སོགས་ཐལ་སྐྱོད་དྲག་ཆས་སྒྲིག་འཛུགས་སླར་ཡང་གཅིག་བསྡུས་བྱས་པའི་རྐྱེན་གྱིས་ས་ཁུལ་དེའི་མདུན་དུ་དྲག་ཤུགས་དོན་རྐྱེན་ཐོན་ཉེན་ཡོད་པ་དང་དབྱི་རག་ལའང་ཤུགས་རྐྱེན་ཕོག་ཡོད་ཅེས་དང་མ་ལི་ཅིས། དབྱི་རག་གི་ཤོག་ཁག་ཁག་གིས་གང་སྔ་མི་རིགས་འཆམ་མཐུན་ཡོང་བ་བྱས་ནས་མཉམ་དུ་འཇིགས་སྐུལ་ལ་ཁ་གཏད་གཅོག་དགོས་ཀྱི་ཡོད་ཅེས་ནན་སྟོན་གནང་འདུག

ཉིན་དེ་རང་ལ་མ་ལི་ཅིས་ནང་བློན་ཁང་གི་ཁོངས་མིའི་སྣེ་ཁྲིད་གནང་ནས་ཁུར་ཏེ་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཨེར་པི་ལར་འཚམས་འདྲི་གནང་བར་ཕེབས་པ་མ་ཟད་ཁུར་ཏེ་རང་སྐྱོང་ལྗོངས་སྲིད་གཞུང་གི་འགོ་ཁྲིད་པ་པར་ཀྲ་ཉི་དང་ཐུགས་འཕྲད་གནང་ཡོད་པ་རེད། དེ་ནི་མ་ལི་ཅིས་ལོ་གཉིས་ལྷག་ཙམ་སོང་ཚུན་དུ་ཨེར་པི་ལར་འཚམས་འདྲི་གནང་ཐེངས་དང་པོ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག