མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལྷོ་བྱང་ཁོ་རི་ཡས་བན་མན་ཏན་དུ་གྲོས་མོལ་སླར་གསོ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-11 10:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས9ཉིན། བྱང་ཁོ་རི་ཡ་དང་ལྷོ་ཁོ་རི་ཡའི་སྲིད་གཞུང་གི་སྐུ་ཚབ་ཀྱིས་བན་མན་ཏན་དུ་སྐད་ཆ་ཤོད་རེས་བྱས་པ་དང་དེ་ནི་ལྷོ་བྱང་ཁོ་རི་ཡས་ལོ2ལྷག་སོང་རྗེས་སླར་ཡང་སྲིད་གཞུང་གི་གྲོས་མོལ་བྱས་པའི་ཐོག་ནས་ཁོ་རི་ཡ་ཕྱེད་གླིང་ཕྲན་གྱི་དུས་བབ་ཡག་ཏུ་སོང་བ་མངོན་ཡོད་པ་རེད།

ལྷོ་ཁོ་རི་ཡའི་མཉམ་འབྲེལ་གསར་འགྱུར་ཁང་གིས་ལྷོ་ཁོ་རི་ཡའི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཤིག་གི་སྐད་ཆ་ལུང་དུ་དྲངས་ནས། ཕྱོགས་གཉིས་པོས་སྤྱི་ཚེས12ཉིན་པུའུ་ཀྲང་རིམ་པའི་གྲོས་མོལ་བྱེད་རྒྱུའི་སྒྲོམ་གཞི་ཆེན་པོའི་ཐད་བསམ་འཆར་གཅིག་གྱུར་བྱུང་ཡོད་པ་མ་ཟད་གྲོས་མོལ་གྱི་གྲོས་མཐུན་འཆར་ཟིན་བརྗེ་རེས་བྱས་ཡོད། ཡིན་ནའང་འཆར་ཟིན་ནང་ཚུད་པའི་ཞིབ་ཕྲའི་ནང་དོན་ད་དུང་གྲོས་མོལ་བྱེད་བཞིན་ཡོད་པའམ་དོན་དེའི་ཐད་ཁ་སྣོན་གྱི་དབྱེ་འབྱེད་གྲོས་མོལ་བྱེད་རྒྱུ་རེད་ཅེས་བཤད་འདུག

བྱང་ཁོ་རི་ཡའི་མེས་རྒྱལ་ཞི་བདེ་གཅིག་གྱུར་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པས་སྤྱི་ཚེས6ཉིན་དམིགས་བསལ་གསུང་བཤད་གནང་སྟེ་ལྷོ་བྱང་ཁོ་རི་ཡའི་དབང་འཛིན་ལས་ཁུངས་ཀྱིས་སྐད་ཆ་ཤོད་རེས་བྱས་ནས་ཁེའི་ཁྲེང་བཟོ་ལས་ཁུལ་དང་ཅིང་ཀང་ཧྲན་གྱི་ཡུལ་སྐོར་རྣམ་གྲངས་འགོ་འཛུགས་རྒྱུའི་གྲོས་འགོ་བཏོན་ཡོད་པ་རེད། ལྷོ་ཁོ་རི་ཡ་ཕྱོགས་ནས་བྱང་ཁོ་རི་ཡའི་གྲོས་འགོར་གདེང་འཇོག་བཟང་པོ་བྱས་ཡོད་པ་མ་ཟད་སྤྱི་ཚེས12ཉིན་ཧྲོའར་རུ་ལྷོ་བྱང་ཁོ་རི་ཡའི་པུའུ་ཀྲང་རིམ་པའི་གྲོས་མོལ་བྱེད་རྒྱུའི་གྲོས་འགོ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག