མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་འདུམ་འགྲིག་པས་ཀི་ནེ་ཡའི་ཆབ་སྲིད་སྐད་ཆ་ཤོད་རེས་ལ་འཕེལ་རིམ་ཐོན་ཡོད་ཅེས་གསུངས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-11 10:21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀི་ནེ་ཡའི་གྲོས་ཚོགས་ཁང་གི་འདེམས་བསྐོའི་ཉམས་ཉེན་གྱི་རྒྱལ་སྤྱིའི་འདུམ་འགྲིག་པ་ཅིན་ཉེ་ཐེས་སྤྱི་ཟླ6པའི་ཚེས9ཉིན། ཀི་ནེ་ཡའི་དབང་འཛིན་ལས་ཁུངས་དང་ངོ་རྒོལ་ཏང་གིས་སྐོང་ཚོགས་བྱས་པའི་ཆབ་སྲིད་སྐད་ཆ་ཤོད་རེས་ལ་དགེ་མཚན་ལྡན་པའི་འཕེལ་རིམ་ཐོན་ཡོད་པ་དང་། མིག་སྔའི་ཆབ་སྲིད་ཉམས་ཉེན་མཇུག་སྒྲིལ་བ་མ་ཟད་རྒྱ་ཁྱབ་ཏུ་ཞུགས་པའི་གྲོས་ཚོགས་ཁང་གི་འདེམས་བསྐོ་ཞིག་སྒྲིག་འཛུགས་བྱེད་ཐུབ་བཟོ་ཡོད་ཅེས་བསྟན་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཕྱོགས་གཉིས་པོའི་གྲོས་མོལ་གྱི་ནང་དོན་ཁྲོད་གཙོ་བོ་གྲོས་ཚོགས་ཁང་གི་འདེམས་བསྐོའི་ལག་རྩལ་རྒྱབ་སྐྱོར་བྱེད་མཁན་ཁེ་ལས་དགོས་མིན་དང་། ཕྱི་རྒྱལ་དུ་ཡོད་པའི་ཀི་ནེ་ཡ་བས་འདེམས་ཤོག་འཕེན་པའི་དབང་ཆ། གྲོས་ཚོགས་ཁང་གི་འདེམས་བསྐོའི་དུས་ཚོད་རེའུ་མིག དེ་བཞིན་རང་ཚུགས་འདེམས་བསྐོ་ཨུ་ཡོན་ལྷན་ཁང་རང་ཚུགས་ངང་ལས་གཉེར་བྱེད་པ་སོགས་ཚུད་ཡོད་པ་རེད།

ཅིན་ཉི་ཐེས་ཉིན་དེ་གར་གསར་འགྱུར་ལས་རིགས་ལ། ཕྱོགས་གཉིས་པོའི་བར་རྒྱ་ཆེའི་གྲོས་མོལ་བྱས་པ་བརྒྱུད། ཀི་ནེ་ཡའི་སྲིད་གཞུང་གིས་སྤྱི་ལོ2010ལོའི་ཙུང་ཐུང་གི་འདེམས་བསྐོའི་འདེམས་དམངས་ཀྱི་མིང་ཐོ་ལྟར་ཕྱི་རྒྱལ་དུ་ཡོད་པའི་ཀི་ནེ་ཡ་བས་གྲོས་ཚོགས་ཁང་གི་འདེམས་བསྐོའི་འདེམས་ཤོག་འཕེན་པའི་ནང་ཞུགས་རྒྱུ་འགན་ལེན་བྱེད་པ་དང་། ངོ་རྒོལ་ཏང་གི་ཁོངས་མི་ཚུད་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་བཙུགས་ནས་རང་ཚུགས་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གཞུང་དྲང་དང་ཁ་གསལ་ངང་ལས་གཉེར་བྱ་རྒྱུར་ལྟ་སྐུལ་བྱ་རྒྱུའི་མོས་མཐུན་བྱས་ཡོད་ཅེས་གསུངས་ཡོད་པ་དང་། ཁོང་གིས་ད་དུང་། སྐད་ཆ་ཤོད་རེས་ནང་ཞུགས་མཁན་ཕྱོགས་ཁག་གིས་ཐུན་མོང་ཐོག་གྲོས་མོལ་བྱས་པའི་མཇུག་འབྲས་ལ་གཞིགས་ནས་ལག་བསྟར་བྱེད་ཆོག་པའི་འདེམས་བསྐོའི་དུས་ཚོད་རེའུ་མིག་གཏན་འཁེལ་བྱེད་པ་དང་། ཀི་ནེ་ཡར་བཅའ་སྡོད་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ནས་འདེམས་བསྐོའི་གཞུང་དྲང་རང་བཞིན་ལ་ལྟ་སྐུལ་བྱ་རྒྱུའི་འགན་འཁུར་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག