མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལྷ་གྲུ་དགུ་པ་རྟགས་ཅན་གྱི་མཁའ་སྐྱོད་པས་བར་སྣང་ནས་སློབ་ཁྲིད་བྱ་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-11 10:21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་མི་ཞུགས་མཁའ་སྐྱོད་ལས་གྲའི་གསར་འགྱུར་མགྲིན་ཚབ་པ་ཝུ་ཕིང་གིས་སྤྱི་ཟླ6པའི་ཚེས10ཉིན། མཁའ་སྐྱོད་པས་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཁ་ཕྱོགས་ནས་བར་སྣང་ནས་སློབ་ཁྲིད་བྱེད་པ་དང་བར་སྣང་དང་ས་ཐོག་བར་མཉམ་འགུལ་སྤེལ་རེས་བྱེད་པ་སོགས་ཀྱི་ཚན་རྩལ་ཁྱབ་བརྡལ་སློབ་གསོའི་བྱེད་སྒོ་ཐེངས་དང་པོ་སྤེལ་རྒྱུ་ཡིན་པ་དང་། དེ་ནི་ལྷ་གྲུ་བཅུ་པ་རྟགས་ཅན་གྱི་འཕུར་སྐྱོད་ལས་འགན་གྱི་དམིགས་གསལ་ཁྱད་ཆོས་ཤིག་ལ་འགྱུར་རྒྱུ་ཡིན་པ་རེད།

ངོ་སྤྲོད་གནང་བར་གཞིགས་ན། ད་རེས་ཀྱི་ཚན་རྩལ་ཁྱབ་བརྡལ་སློབ་གསོའི་བྱེད་སྒོ་ནི་ཀྲུང་གོས་མི་ཞུགས་མཁའ་སྐྱོད་བྱེད་སྒོ་བེད་སྤྱད་ནས་མཁའ་སྐྱོད་ཤེས་བྱ་ཁྱབ་བརྡལ་གཏོང་བའི་ཚོད་ལྟ་ཞིག་ཡིན་པ་དང་། ཚན་རྩལ་ཁྱབ་བརྡལ་གྱི་སློབ་གསོའི་བྱེད་སྒོ་དེ་རིགས་སྤེལ་བ་བརྒྱུད་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གིས་འཇིག་རྟེན་བར་ཁམས་ལ་ཡིད་འོང་བྱེད་པ་དང་། ཚན་རྩལ་ཤེས་བྱ་སློབ་སྦྱོང་བྱེད་པའི་སེམས་པ་སྔར་བས་སྐུལ་སློང་བྱ་རྒྱུའི་རེ་བ་ཡོད་པ་རེད། བུད་མེད་མཁའ་སྐྱོད་པ་ཝང་ཡ་ཕིང་ཀྲུང་གོའི་བར་སྣང་ནས་སློབ་ཁྲིད་གནང་མཁན་དགེ་རྒན་དང་པོ་དེར་འགྱུར་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག