མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅིན་ཀྲེང་ཨེན་གྱིས་ལུས་རྩལ་སྒྲིག་བཀོད་མང་པོར་རྟོག་ཞིབ་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-11 10:21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་ཧྲུའུ་ཅི་དང་པོ། རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་པོ། མི་དམངས་དམག་གི་ཆེས་མཐོའི་དམག་སྤྱི་དཔོན་ཅིན་ཀྲེང་ཨེན་གྱིས་སྤྱི་ཟླ6པའི་ཚེས10ཉིན་གསར་དུ་སྐྲུན་པའི་ཕོང་ཡང་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་སློབ་གྲྭ་དང་ལིང་ལོ་མི་དམངས་ལུས་རྩལ་སྤྱི་གླིང་དུ་རྟོག་ཞིབ་གནང་ཡོད་པ་རེད།

ཅིན་ཀྲེང་ཨེན་གྱིས་ཕོང་ཡང་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་སློབ་གྲྭར་རྟོག་ཞིབ་གནང་གྲུབ་རྗེས། སློབ་གྲྭ་དེས་སླད་ཕྱིན་རྒྱལ་སྤྱིའི་འགྲན་བསྡུར་ཁྲོད་བྱང་ཁོ་རེ་ཡར་ལེགས་སྐྱེས་འབུལ་མཁན་གྱི་རྐང་རྩེད་སྤོ་ལོའི་ལུས་རྩལ་པའི་རྗེས་གྲབས་གསོ་སྐྱོང་བྱ་རྒྱུ་ཡིན་པ་དང་། ཁོང་ཚོའི་ཆེད་དུ་སེར་སྣ་མི་བྱེད་པར། རྒྱབ་ཕྱོགས་འཁོ་གྲུབ་འགན་ལེན་ཡག་པོ་བྱེད་དགོས་ཞེས་གསུངས་ཡོད་པ་དང་། དེ་རྗེས་ཅིན་ཀྲེང་ཨེན་གྱིས་ལིང་ལོ་མི་དམངས་ལུས་རྩལ་སྤྱི་གླིང་དུ་རྟོག་ཞིབ་གནང་ཡོད་པ་དང་། ཁོང་གིས། ལུས་རྩལ་སྒྲིག་ཆས་དང་སྒྲིག་བཀོད་ལ་གཅེས་འཛིན་དང་དོ་དམ་ཡག་པོ་བྱེད་དགོས་པ་དང་། ཞབས་ཞུའི་ལས་དོན་བཀོད་སྒྲིག་ཡག་པོ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

ཉིན་དེ་གར། ཅིན་ཀྲེང་ཨེན་གྱིས་སྒྱུར་བཟོ་བྱས་པའི་རྒྱལ་ཁབ་ལུས་རྩལ་འཇུབ་ཁྲིད་ཨུ་ཡོན་ལྷན་ཁང་ཧྲུའུ་ཅི་ཅུས་ཀྱི་ཐོག་བརྩེགས་ཁང་ཆེན་གྱི་གཞུང་ལས་ཁང་དང་གྲོས་ཚོགས་ཁང་སོགས་ལ་གཟིགས་གནང་ཡོད་པ་དང་། ཁོང་གིས། རྒྱལ་ཁབ་ལུས་རྩལ་འཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས་ལུས་རྩལ་གྱི་སྤྱི་ཚོགས་རྣམ་པ་མངོན་པར་བྱེད་དགོས་པ་དང་། ལུས་རྩལ་ཚན་རྩལ་དེ་འཛམ་གླིང་རིམ་པའི་ཆུ་ཚད་ཐོག་མཐོ་རུ་བཏང་ནས། ལུས་རྩལ་པའི་རྗེས་གྲབས་གསོ་སྐྱོང་ལས་དོན་དང་ལུས་རྩལ་ལས་དོན་གྱི་དངོས་པོའི་འགན་ལེན་ལས་དོན་སྔར་བས་ཡག་པོ་གྲུབ་དགོས་ཞེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག