མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པུ་རེ་ཅིན་སི་ཅིས་ཀྲུང་ཨའི་གཙོ་བདག་གི་མཇལ་མོལ་ལ་གདེང་འཇོག་གང་ལེགས་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-11 10:20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས9ཉིན། ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་བྱ་དོན་གྱི་ལས་རོགས་གཟུར་པ་པུ་རེ་ཅིན་སི་ཅིས། ཀྲུང་གོ་དང་ཨ་རིའི་གཙོ་བདག་གི་མཇལ་མོལ་ནི་ཉེ་རབས་ཀྲུང་གོ་དང་ཨ་རིའི་ལོ་རྒྱུས་ཐོག་གི་གལ་འགངས་ཆེ་བའི་མཇལ་མོལ་ཐེངས་ཤིག་ཡིན་ཞེས་གསུངས་པ་དང་། ཀྲུའུ་ཞི་ཞི་ཅིང་ཕིང་གིས་ཀྲུང་གོ་དང་ཨ་རིའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པའི་སྙིང་དོན་རྒྱས་བཤད་གནང་བའི་ཐད། པུ་རེ་ཅིན་སི་ཅིས། ཀྲུའུ་ཞི་ཞི་ཅིང་ཕིང་གིས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོའི་ངོས་ནས་བཤད་ན་གལ་འགངས་ཧ་ཅང་ཆེ་བ་མ་ཟད། འཛམ་གླིང་གི་བརྟན་ལྷིང་ལ་ཡང་གལ་ཆེའི་རང་བཞིན་ཆེན་པོ་ལྡན་པ་མཁྱེན་གྱི་ཡོད་པས། ངས་ཁོང་གིས་གསུངས་སྟངས་དེ་ཧ་ཅང་ཡག་པོ་བྱུང་བའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིང་ཕིང་གིས་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས7ཉིན་དང་ཚེས8ཉིན། ཨ་རིའི་ཁལ་ཧྥུ་ཉི་ཡ་མངའ་སྡེའི་ཨན་ན་པོ་གེ་གཞིས་ཀར་ཨ་རིའི་ཙུང་ཐུང་ཨའོ་པ་མ་དང་མཇལ་མོལ་གནང་བ་དང་། ཀྲུང་གོ་དང་ཨ་རིའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པའི་སྙིང་དོན་ཐད། ཞི་ཅིང་ཕིང་ནས་མཇལ་མོལ་གནང་སྐབས་བཀའ་མོལ་ཚིག་གསུམ་ཐོག་ནས་ཕྱོགས་བསྡོམས་གང་ལེགས་གནང་ཡོད་པ་སྟེ། གཅིག་ནས་གདོང་ཐུག་མི་ཐོན་པ་བྱེད་པ་དང་། ཁ་གཏད་དུ་མི་ལངས་པ་དང་། གཉིས་ནས་ཕན་ཚུན་བརྩི་འཇོག་བྱེད་པ། གསུམ་ནས་མཉམ་ལས་གཉིས་རྒྱལ་ཡོང་བ་བྱེད་པ་བཅས་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག