མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལྗར་ཕན་གྱིས་ཀྲུང་གོ་དང་འཐབ་ཇུས་གཉིས་ཕན་འབྲེལ་བ་བསྐྱར་འཛུགས་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-11 10:20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྗར་ཕན་གསར་འགྱུར་དྲ་བའི་ཐོག་སྤྱི་ཟླ6པའི་ཚེས10ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ལྗར་ཕན་ནང་བློན་ཁང་གི་དྲུང་ཆེ་ཅན་དབྱིས་ཝེ་ཡིས་སྤྱི་ཚེས10ཉིན། ལྗར་ཕན་གྱིས་ལྗར་ཕན་དང་ཨ་རིའི་མནའ་འབྲེལ་འབྲེལ་བ་སྔར་བས་ལེགས་སུ་གཏོང་བ་དང་ཆབས་ཅིག ཀྲུང་གོ་དང་འཐབ་ཇུས་གཉིས་ཕན་འབྲེལ་བ་འཛུགས་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་ཡོད་པ་རེད།

གནས་ཚུལ་སྤེལ་བའི་ནང་། ཅན་དབྱིས་ཝེས་ཨ་རི་དང་ཀྲུང་གོས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དེས་ས་ཁོངས་དང་རྒྱལ་སྤྱིའི་ཞི་བདེ་བརྟན་ལྷིང་ལ་ཕན་ཐོགས་ཡོད་པས། དེར་ལྗར་ཕན་སྲིད་གཞུང་གིས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད་ཡོད་ཅེས་འཁོད་ཡོད་པ་དང་། གནས་ཚུལ་སྤེལ་བའི་ནང་ད་དུང་། ཅན་དབྱིས་ཝེས་ལྗར་ཕན་གྱིས་ལྗར་ཕན་དང་ཨ་རིའི་མནའ་འབྲེལ་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག ཀྲུང་གོའི་བར་འཐབ་ཇུས་གཉིས་ཕན་འབྲེལ་བ་བསྐྱར་འཛུགས་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། ལྗར་ཕན་གྱིས་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་གཉིས་ཕན་འབྲེལ་བའི་འགོ་སླར་ཡང་འཛུགས་རྒྱུའི་རེ་བ་བྱེད་པའི་རྣམ་འགྱུར་བསྟན་ཡོད་ཅེས་འཁོད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག