མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལི་པུ་ཡཱའི་དྲག་ཆས་འཁྲུག་རྩོད་ལས་མི11རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-10 09:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱའི་གྲོང་ཁྱེར་ཆེན་པོ་གཉིས་པ་པན་ཅཱ་ཞི་ནས་ཉིན་དེར་རྔམ་སྟོན་ཁྲོམ་སྐོར་བྱེད་པའི་མང་ཚོགས་དང་དམངས་དམག་རྩ་འཛུགས་བར་དྲག་ཆས་འཁྲུག་རྩོད་བྱུང་སྟེ། མི11རྐྱེན་ལམ་དུ་ཤོར་བ་དང་། མི50ལྷག་ལ་རྨས་ཕོག་ཟེར།

པན་ཅཱ་ཞི་ཡི་མཉམ་འབྲེལ་དམག་དོན་འགུལ་སྐྱོད་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཨ་པུའུ་ཏུའུ་ལཱ་ཧྲི་ཨ་ཧྥེ་ཡིས་གསར་འགོད་པར་བཤད་རྒྱུར། ཉིན་དེར་མང་ཚོགས་བརྒྱ་ཕྲག་འགས་པན་ཅཱ་ཞི་ཡི་ཁུའུ་ཡེ་ཧྥ་ས་ཁུལ་གྱི་སི་རི་ཡཱའི་དམངས་དམག་སྒར་སའི་མདུན་དུ་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ། དམངས་དམག་རྩ་འཛུགས་ཀྱིས་མཚོན་ཆ་བསྐྱུར་བ་དང་ཚོགས་པ་གཏོར་ནས་མང་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་སོ་དམག་ལ་འཇིགས་སྐུལ་བྱས་ཏེ་དམག་སྒར་དུ་འགྲོ་རྩིས་བྱས་ཀྱང་ལེགས་འགྲུབ་མ་བྱུང་། མཚོན་ཆ་ཆེ་གྲས་དྲུད་ཡོད་པའི་རླངས་འཁོར10རྔམ་སྟོན་ཁྲོམ་སྐོར་མཁན་གྱི་ཁ་གཏད་དུ་ཐོན་པ་དང་། ཕྱོགས་གཉིས་བར་འཁྲུག་རྩོད་དྲག་པོ་བྱུང་ལ། ཕྱོགས་གཉི་གར་ཤི་རྨས་བྱུང་ཡོད།

པན་ཅཱ་ཞི་ཡི་ཅཱ་ལེ་སྨན་ཁང་གི་མིང་བཤད་མི་འདོད་པའི་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། འཁྲུག་རྩོད་དེ་ལས་མི11རྐྱེན་ལམ་དུ་ཤོར་བ་དང་། མི50ལྷག་ལ་རྨས་ཕོག དེའི་ནང་རྐྱེན་ལམ་དུ་ཤོར་བའི་མི3ནི་དམངས་དམག་རྩ་འཛུགས་ཀྱི་ཁོངས་མི་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག