ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཉམ་འབྲེལ་དམག་དཔུང་གིས་སྤྱི་ཟླ6པའི་ཚེས8ཉིན་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱི་དམག་མི3ཉིན་དེར་ཨ་ཧྥུའུ་ཧན་ཤར་ཕྱོགས་ས་ཁུལ་ནས་དྲག་ཆས་མི་སྣས་དམར་གསོད་བཏང་ཟེར།
ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་སྤྱིའི་བདེ་འཇགས་རོགས་སྐྱོར་དམག་དཔུང་གིས་གསལ་སྒྲོག་ནང་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་དམག་དཔུང་གི་ལྭ་བ་གྱོན་པའི་དྲག་ཆས་མི་སྣ་ཞིག་གིས་བྱང་ཆིངས་རྩ་འཛུགས་ཀྱི་དམག་མིར་མེ་མདས་བརྒྱབ་ནས་དམག་མི3བསད་པ་རེད་ཟེར། བྱང་ཆིངས་རྩ་འཛུགས་ཀྱི་དམག་ཕྱོགས་དང་ཨ་ཧྥུའུ་ཧན་སྲིད་གཞུང་གིས་འཇབ་རྒོལ་དོན་རྐྱེན་དེ་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། མིག་སྔར་ད་རུང་འཇབ་རྒོལ་མཁན་གྱི་ཐོབ་ཐང་ངོས་འཛིན་བྱས་མེད་ཟེར།
གསལ་སྒྲོག་ལས་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་བའི་དམག་མི་རྒྱལ་ཁབ་གང་གི་ཡིན་པ་གསལ་བོར་བཤད་མེད། བསྒྲགས་པའི་གནས་ཚུལ་ལྟར་ན། འཇབ་རྒོལ་དོན་རྐྱེན་དེ་ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ཕཱ་ཁཱ་ཐིས་ཁཱ་ཞིང་ཆེན་དུ་བྱུང་བ་ཡིན་ལ། ས་ཁུལ་དེར་བཀོད་སྒྲིག་བྱས་ཡོད་པའི་བྱང་ཆིངས་དམག་དཔུང་ནི་གཙོ་བོ་ཨ་མེ་རི་ཁའི་དམག་མི་ཡིན་ཟེར།
ད་ལོའི་ཚུན་ལ། བྱང་ཆིངས་རྩ་འཛུགས་ཀྱི་དམག་མི85ཨ་ཧྥུའུ་ཧན་ནས་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར། །