མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཚོ་བཅུད་མི་འདང་བ་ལས་ལོ་རེར་འཛམ་གླིང་ཡོངས་སུ་ལོ་ལྔའི་མན་གྱི་བྱིས་པ་ས་ཡ3གྱི་ཚེ་སྲོག་ཤོར་བཞིན་ཡོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-10 09:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་ཕན་འོས་ལངས་ཚགས་པར་སྟེང་བཀོད་པའི་གནས་ཚུལ་ལྟར་ན། འཚོ་བཅུད་མི་འདང་བ་ལས་ལོ་རེར་འཛམ་གླིང་ཡོངས་སུ་ལོ5ཡི་མན་གྱི་བྱིས་པ་ས་ཡ3གྱི་ཚེ་སྲོག་ཤོར་བཞིན་ཡོད་པས། མི་རྣམས་ཀྱིས་དེར་དོ་སྣང་བྱེད་དགོས་ཟེར།

བྱིས་པའི་ཤི་ཚད་ཇེ་དམའ་རུ་གཏོང་བ་དང་མ་ཡུམ་གྱི་བདེ་ཐང་ལེགས་བཅོས་བྱེད་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་ལོར་རྒྱལ་སྤྱིའི་སྤྱི་ཚོགས་ལ་བཏོན་པའི་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་བརྒྱད་ཀྱི་ནང་གསེས་ཡིན་པ་དང་། 2015ལོར་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན། དེ་དང་མཉམ་དུ་འཛམ་གླིང་གླེང་སྟེགས་གཞན་ཞིག་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་གསར་བ་གཏན་འབེབས་བྱས། དབྱིན་ཇིའི་གསོ་རིག་དུས་དེབ་ལྕང་ལོའི་རལ་གྲི་ཞེས་པས་གཟའ་ལྷག་པའི་ཉིན་སྙན་ཞུ་རབས་དང་རིམ་པ་ཁྱབ་སྒྲོག་བྱས། དེའི་ནང་འཚོ་བཅུད་མི་འདང་བ་ནི་འཛམ་གླིང་ཡོངས་ཀྱི་ལོ5ཡི་མན་གྱི་བྱིས་པ45%ཡི་ཤི་རྐྱེན་གཙོ་བོ་རེད། ལོ་རེར་ལོ5ཡི་མན་གྱི་བྱིས་པ་ས་ཡ3ལྷག་འཚོ་བཅུད་མི་འདང་བའམ་ཚོ་དྲགས་པ་ལས་ཚེ་སྲོག་ཤོར་གྱིན་ཡོད། དེ་ནི་འཛམ་གླིང་ཡོངས་ཀྱི་གནད་དོན་གལ་ཆེན་གཉིས་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག