མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སུའུ་ཏན་ངོ་རྒོལ་ཕྱོགས་ཁག་གིས་ཉིན་བརྒྱའི་ནང་ཙུང་ཐུང་རྩ་རྫོགས་བྱེད་པའི་འཆར་གཞི་གཏན་འབེབས་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-10 09:53

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏན་ངོ་རྒོལ་ཏང་མནའ་འབྲེལ་གྱིས་སྤྱི་ཟླ6པའི་ཚེས8ཉིན་ཁྱབ་སྒྲོག་བྱས་དོན། ཙུང་ཐུང་པཱ་ཞེ་ཨར་རྩ་རྫོགས་བྱེད་པའི་ཉིན100ཡི་ཞི་བདེའི་འཆར་གཞི་གཏན་འབེབས་བྱས་པ་དང་། རྒྱུ་མཚན་ནི་པཱ་ཞེ་ཨར་གྱིས་ལོ20ལྷག་ལ་སྲིད་དབང་བཟུང་བས་ཡིན་ཟེར།

ངོ་རྒོལ་ཕྱོགས་ཁག་གི་ཁོངས་མི་ཧྥ་ལུའུ་ཁི་ཡིས་བཤད་རྒྱུར། ངས་སྲིད་གཞུང་གིས་ཉིན100ཡི་ནང་དབང་ཆ་བསྐྱུར་བར་རེ་བས་ཁེངས་ཡོད་ཟེར། འཆར་གཞི་དེ་ལྟར་ན་ཟླ་ཐོག་མའི་ནང་དུ་སློབ་གྲྭ་ཆེན་མོ་སོ་སོར་སྤྱི་པའི་གླེང་སྟེགས་བྱ་འགུལ་སྤེལ་བ་དང་། དེ་ནས་ཞི་བའི་ངོ་རྒོལ་འདུ་ཚོགས་བསྡུ་རྒྱུ་རེད། ངོ་རྒོལ་ཕྱོགས་ཁག་གི་མི་སྣ་གཞན་ཞིག་གིས་བཤད་རྒྱུར། དམངས་གཙོའི་བཅོས་བསྒྱུར་བརྩོན་ལེན་བྱེད་པའི་འཆར་གཞི་ཞིག་གི་ནང་བར་བརྒལ་སྲིད་གཞུང་འཛུགས་པ་འདུས་ཡོད་ཟེར། དེའི་སྔོན་སུའུ་ཏན་གྱི་ཙུང་ཐུང་པཱ་ཞེ་ཨར་གྱིས་ཆབ་སྲིད་ཉེས་ཅན་ཚང་མ་ཕྱིར་བཏང་སྟེ་མི་རིགས་འགྲིག་མཐུན་མངོན་འགྱུར་བྱེད་རྒྱུ་ཁྱབ་སྒྲོག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག